e-texts navigator
Collection
Volume
Page
Wylie

394a1 རྒྱ་སེམས་པ་སྟོད།།བླན་མཛན་རྣན་མ་དྷ།། ནཔ་མཆོག་ཐམས་བྱུད་ས།།2རམརྒྱད་པ་རྟ་ཏུ་བསྩུགྶ།།བྱུང་ཆུ
394a2 ཤིང་དྲུང་སྐྱེ་བར་འགྱུར།།བླ་མེད་བྱང་ཆུབ་མཆོག་ཀྱང་འགྲུབ།།སྐྱེ་འཆི་མེད་པའི་བདེ་འགྲུབ་སྟེ།།སེམས་ལ་དབང་ཡང་ཐོབ་པར་འགྱུར།།སྤྱོད་ཡུལ་ཐམས་ཅད་སྨོན་ན་ཤེས།།
394a3 རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་པའོ།།།།གང་ཞིག་དཀྱིལ་འཁོར་འདི་སྤངས་ན།།ཉོན་མོངས་དྲན་སོང
394a4 གན་སུ་སྐྱེ།།བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར།།བླ་མེད་འགྲོ་བའི་རྒྱུ་ཡང་ཚད།།རིགས་ཚད་ཉིད་དུ་སྐྱེ་བར་འགྱུར།།རྡོ་རྗེ་སེམས་དཔའ་བསྒྲུབ་འདོད་པས།།རྟག་ཏུ་མཉམ་པའི
394a5 དྲོན་རྟོགས་ལ།།སྐུ་ནི་འཇའ་ཚོན་ཚུལ་འདྲ་བར།།སྣང་ལ་རང་བཞིན་མེད་པར་བསྒོམ།།འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར།།གསལ་ཡི་རང་བཞིན་མེད་པར་བསྒོམ།།ལྷ
394a6 ཡི་སྐུ་རྣམས་ག་སྩལ་བསྒོམ་ནི།།བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར།།དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན།།ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར།།རྣལ་འབྱོར
394a7 པས་ནི་རྟག་ཏུ་བསྒོམ།།ཡི་དམ་ལྷ་དེ་སྤངས་བྱས་ན།།ངན་སོང་མི་བདེ་རྟག་ཏུ་མྱོང་།།སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པའི་དོན་ནི།།སྔགས་དང་ཕྱག་རྒྱ་བར་མི་གཅད།།རྣ་ལོ་འབྱོར




iiif viewer powered by OpenSeadragon

393b - 394b

Texts on this page

N750 - gsang ba'i snying po de kho na nyid nges pa