e-texts navigator
Collection
Volume
Page
Wylie

393a1 ངན་སོང་གནས་རྣམས་ཐམས་ཅད་ཀུན།།བླ་མེད་བྱང་ཆུབ་རྒྱུ་ཡོད་པའོ།།ཐམས་ཅད་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི།།ཐམས་ཅད་ཀུན་ཏུ་བཟང
393a2 ཡི།།འདོད་པའི་ཡོན་ཏན་ལྔ་རྣམས་ལ།།ཐོགས་པ་མེད་པར་སྤྱད་བྱས་ཏེ།།བསོད་ནམས་ཚོགས་ཆེན་ཡིན་པར་བརྟོག།དེ་བཞིན་གཤེགས་པ་ལྔར་ཡང་བརྟགས།།གཞན
393a3 ཡང་སྟོང་ཁམས་ཐམས་ཅད་ནི།།ཤེས་རབ་དབྱིངས་དང་འདོད་ཡིན་རྣམས།།རབ་འབྲིང་ཐ་མ་ཐམས་ཅད་སྤྱོད།།ཐམས་ཅད་མི་ཆུད་པ་ཞེས་བྱ་བའི་དམ་ཚིག་ནི།།ཕྱོགས
393a4 དུས་མཉམ་པའི་དཀྱིལ་འཁོར་དུ།།རྡོ་རྗེ་རིགས་མཆོག་མ་རྟོགས་པར།།ཐེག་པ་དམན་དང་ལྟ་བ་དུ་མན།།དེས་ནི་ཐེག་མཆོག་རྟོགས་མི་འགྱུར།།མི་མཉམ་པ་ལ
393a5 དོན་ཉིད་ཀུན་ཁྱབ་ཀྱང་།།ཉོན་མོངས་སྡུག་བསྔལ་ཉིད་ཀྱིས་བསྒྲིབས།།དེ་ཡིས་ཡང་དག་ཉིད་མི་མཐོང་།།མ་མཐོང་བ་ལ་མ་ཆུད་བྱ།།ཐམས་ཅད་བསྲུང་དུ་མེད་ཅེས་བྱ
393a6 བའི་དྲམ་ཚིག་ནི།།ཐམས་ཅད་མ་ལུས་སངས་རྒྱས་ལ།།བསྒྲུབ་ཅིང་བསྲུང་བར་བྱ་བ་མེད།།དགེ་དང་མི་དགེ་གཉི་ག་མེད།།ཉོན་མོངས་སྤངས་ཞིང་བྱེད་བསྒྲུབ་མེད།།
393a7 དེ་བཞིན་ཉིད་ཀྱི་གློང་གྱུར་ན།།བདེ་དང་མི་བདེ་དབྱེར་མེད་དེ།།ཡེ་ནས་དག་མཉ་མོ་ཉིད་དུ་གནས།།དེ་ལ་བསྲུང་བྱ་རྡུལ་རྩམ་མེད།།ཐམས་ཅད་བསྲུང་བ་མེད་པ་ཞེ་བྱ་བའི




iiif viewer powered by OpenSeadragon

392b - 393b

Texts on this page

N750 - gsang ba'i snying po de kho na nyid nges pa