| | e-texts navigator
|
392b1 རང་བཞིན་རྣམ་པར་དག་པ་ལ།།གཙང་དང་སྤྲོ་བའི་བློ་ཙམ་མེད།།ཐམས་ཅད་བདོ་གཤེགས་སྙིང་པོ་བས།།རྐྱེན་གྱི་རྡུལ་གྱིས་ག་ལ་འགོ།ཤེས་རབ་མཆོག་གིས་དེ་ལྟར
392b2 རྟོགས།།མ་ལུས་ཀུན་འདུས་དབྱིངས་ཤེས་བྱོས།།ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི།།ཤེས་རབ་བློ་རྩལ་ལྡན་པ་ཡིས།།བརྟན་རྟོག་མཚན་མོ་ཀུན
392b3 བཤིག་པས།།མཚན་མ་མེད་པའི་ཕྱག་རྒྱ་རུ།།ཐམས་ཅད་འདུས་པར་ཡང་དག་རྟོགས།།རྟོག་པ་ཉིད་ཀྱང་དངོས་མེད་ལ།།དེ་ཉིད་སྣ་ཚོགས་པར་སྣང་བའི།།
392b4 སྣང་བ་ཉིད་ན་བྱང་བ་མེད།།དེ་ཉིད་འཇིག་པའི་ཕྱག་རྒྱ་ཡིན།།གསུང་དྲུང་ཚེ་འཕེལ་ཞེས་བྱ་བའི་དམ་ཚིག་ནི།།ཆོས་རྣམས་ཐམས་ཅད་བདག་ཡིན་པས།།གང་དུ
392b5 འགྲོ་ཞིང་གང་དུ་སྐྱེ།།འཇིག་དང་སྐྱེ་བའི་དངོས་པོ་མེད།།དངོས་མེད་དེ་ལ་སུ་ཞིག་གསོད།།གང་ཞིག་གཉིས་སུ་འཛིན་པ་ལ།།སྐྱེ་དང་འཆི་བ་དེ་ལ་ཡོད།།ཡེ་ཤེས་ཅན
392b6 གྱིས་བརྟགས་པས་ན།།སྐྱེ་འཇོག་ཉིད་ན་དངོས་པོ་མེད།།ཐམས་ཅད་མི་འགོག་པ་ཞེས་བྱ་བའི་དམ་ཚིག་ནི།།མཆོག་གསུམ་རྫོགས་པ་མན་ཆད་ནས།།ངན་སོང་གནས
392b7 རྣམས་ཡན་ཆད་དུ།།ཡོང་དག་པར་ནི་དབྱེར་མེད་དེ།།གང་ཡང་སྤང་བར་བྱ་བ་མིན།།ཐེག་པ་མཐོན་དམན་བསམ་ཡས་པ།།དོན་ཏུ་མི་འགྱུར་ཡོང་མ་གསུངས།།
iiif viewer powered by OpenSeadragon
392a - 393a