e-texts navigator
Collection
Volume
Page
Wylie

389b1 རང་བྱུང་ཡོ་ཤེས་གནས་མེད་ཡིན།།མཐོང་བའི་ཚུལ་གྱིས་གཟུགས་སྣང་དང་།།བླ་མང་བྱང་ཆུབ་བསྐུར་སྣ་ར།།མོ་ལོང་ལྟ་ངུའི་ཚུལ་བཞིན་དུ།།སྣ་ཚོགས་ཁ་དོག་དབྱིབ་སུ་སྡུང་།
389b2 དེ་བཞིན་གཤེགས་པའི་གསུང་རྣམས་ནི།སྒྲ་དང་མིང་ཚིག་ཀུན་ལས་འདས།།བརྗོད་མེད་རང་བཞིན་ཀུན་ཏུ་གོ།ཉོན་མོངས་མེད་ཅང་བླ་མེད་སྒྲ།།མི་བརྗོད་སྟོང་གསུམ་གྲགས་པ
389b3 ཡི།།གསུངས་བརྗོད་བསམ་གྱིས་མི་ཁྱབ་པ།།བརྗོད་པ་ཉིད་ན་སྟེང་གསུམ་མེད།།དེ་ཉིད་སྣ་ཚོགས་བརྗོད་པའོ།།ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ།།ཡང་དག་རྟོགས་པས་རབ
389b4 རྟགས་པ།།བཞི་རྩ་མེད་དབྱིངས་སྐད་ཅིག་མ།།མཐའ་དང་དབུས་ཀྱང་རྟག་ཏུ་མེད།།དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ།།སུས་ཀྱང་མོ་བཅོས་མ་བྱས་པ།།བདག་གིས་བདག་ཀྱང་དམིགས
389b5 མི་འགྱུར།།དངོས་མེད་ཀུན་ལ་དབང་སྒྱུར་བ།།སྐུ་གསུང་ཡང་དག་ལྡན་གྱུར་ན།།སྟན་ན་མ་ཁྭ་མཐའ་དང་མཉམ།།མི་འགྱུར་སངས་རྒྱས་ཞིང་དུ་འུག།།སྤྱོད་ཡུལ་མ་ལུས་ཐམས་ཅད
389b6 ལ།ཇི་ལྟར་དམིགས་པ་བཞིན་དུ་འབྱུང་།།མི་ཟང་པོའི་གཏེར་ཆེན་འགྲུབ།།གཞན་གྱིས་དབྲོག་ཏུ་མེད་པ་ཡིད།།བོ་དེའི་བཀར་ནི་རིན་པོ་ཆེ།།ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས
389b7 བྱ་བྱེད་མེད་པར་རྣམས་བཞི་མཛད།།མཛད་དང་མཛད་པར་བྱ་བ་མེད།།ཡེ་ནས་ལྷུར་གྲུབ་སངས་རྒྱས་ཆོས།།སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད།།སྤྱོད་མེད་དང་གོ་དཀྱིལ་འཁོར




iiif viewer powered by OpenSeadragon

389a - 390a

Texts on this page

N750 - gsang ba'i snying po de kho na nyid nges pa