| | e-texts navigator
|
388a1 བ་དང་།དབང་པོ་ཡུལ་དུས་ལྷ་དང་ལྷ་མ་སྦྱར་བ་དང་།རྟག་ཆད་དུ་ངན་ཞག་ན་མ་སྦྱར་བ་དང་།མངོན་སུམ་དུ་སྦྱོར་བར།།སྒྲོལ་བ་ནི་མས།
388a2 ཀྱིས་བསྒྲོལ་བ་དང་།འཕོ་བས་བསྒྲལ་བ་དང་།དུས་བཞི་མཉམ་པ་ཉིད་དུ་བསྒྲལ་བ་དང་།ཐམས་ཅད་མ་ལུས་པར་དབྱིངསུ་དུས་གཅིག་བསྒྲལ་བ་དང་།ཐམས་ཅད་ཐུགས
388a3 རྗེ་ཆེན་ངས་གཉི་སུ་མེད་པར་སྒྲོལ་བའོ།།འདི་གཉིས་དུས་གཅིག་ཏུ་མཛད་དེ།ཡ་ཆར་མ་གྱུར་པར་བྱའོ།།དངོས་གྲུབ་མཆོག་ཀྱང་དེར་ཐོབ་ཅེས་དེ་བཞིན་གཤེགས་པ་ཉིད
388a4 ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་བཤད།།མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི།འཇིག་རྟེན་འདས་དང་འཇིག་རྟེན་པའི།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།བདག
388a5 དང་བདག་གི་གཞན་ན་མེད།།རང་བཞིན་རང་གིས་བདག་མེད་པ།།ཀུན་ལ་ཐོགས་མེད་སྤྱད་འགྱུར་ཡང་།།སྤྱད་དང་སྤྱོད་པ་གཉི་ག་མེད།།ཐམས་ཅད་ཡེ་ནས་སྟོད་པ་ལ།།གང་གི
388a6 ལེན་ཅིང་གང་ལ་སྤྱོད།།སྣང་སྲིང་མ་ལུས་ཐམས་ཅད་ལ།།ཐོགས་པ་མེད་པའི་སྤྱོད་འགྱུར་ཡང་།།བཅིང་བར་མི་འགྱུར་བསོད་ནམས་ཚོགས།།ཆགས་མེད་ཡེ་ཤེས་ཆེན
388a7 པོར་ཡིན།།མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས།།དེ་ལྟར་རང་རིག་ཡིན་པར་བཤད།།གཉིསུ་མེད་པར་རྟོགས་གྱུར་ན།།བླངས་པ་ཉིད་ན་ཀུན་ཏུ་བཟང་།།བརྫུན་དུ་སྨྲ་བ
iiif viewer powered by OpenSeadragon
387b - 388b