e-texts navigator
Collection
Volume
Page
Wylie

387b1 གནས་པའི་སེམས་ཅན་མ་ལུས་ཀུན།།ཐུགས་རྗེ་ཆེན་པོས་བྱིན་རླབས་ཏེ།།ཡེ་ཤེས་མེ་ཆེན་བསྒོམ་བྱས་ན།།ཐམས་ཅད་མ་ལུས་བསྲེག་པར་བྱ།།དབྱེངསུ་ཡང་ནི་བསྟིམ་པས་ཏེ།།དེ
387b2 བཞིན་གཤེགས་པར་བྱིན་གྱིས་རླབས།།རྒྱལ་བའི་སྲསུ་དབང་ཡང་བསྐུར།།དེ་ལྟར་བསྒྲལ་བར་ཀུན་བྱས་ཀྱང་།།བསྒྲལ་བའི་དངོས་པོ་གང་ཡང་མེད།།ཕུང་པོ་ལྔ་པོ་བཤིག་ཕྲ་ལ།།བཤག།
387b3 ནས་འབྱུང་བ་བག་ལ་ཞེ།།མ་བཤིག་ན་ཡང་འབྱུང་བ་ཡིན།།རྣམ་ཤེས་མེད་པས་བསད་བྱས་ན།།གནས་པ་ཉིད་ན་དངོས་པོ་མེད།།སེམས་ཀྱི་རང་བཞིན་དེ་ལ་ནི།།དུས་གསུམ་སངྱས།།
387b4 དགྲར་ལངས་ཀྱང་།།སུས་ཀྱང་མི་ཟིན་སོང་པ་མེད།།འོ་ན་ཐུགས་རྗེས་གང་བསྒྲལ་བ།།རྣམ་རྟོག་མཚན་མ་ཐམས་ཅད་ཀུན།།ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ།།ཏིང་འཛིན་སྔགས་དང
387b5 ཕྱག་རྒྱ་དང་།།ཤིན་ཏུ་གོམས་པས་དབང་བསྐུར་ཏེ།།བྱང་ཆུབ་ཞིང་ལ་དགོད་པར་བྱ།།དཾ་ཙྱཻ་མ~ཾ་ལ་ནི་བསྒྲལ་ཞེས་གདགས།།བསྒྲལ་བ་ཉིད་ན་སྦྱོར་བ་ཡིན།།ཉོན་མོངས་སྡུག་བསྔལ
387b6 རྩོད་བཅད་ནས།།བྱང་ཆུབ་གནསུ་བསྒྲལ་བསན།།གཉིས་མེད་དབྱིངསུ་སྦྱོར་བ་ཡིན།།ཐབས་ཉིད་ཤེས་རབ་ཉིད་ཐབས་ཏེ།།གཉིསུ་མེད་པ་ཉིད་བྱང་ཆུབ་ཀྱི་སེམས།།སྦྱོར
387b7 བ་ནི་ལྷ་དང་ལྷ་མོར་སྦྱོར་བའི་དཀྱིལ་འཁོར་དང་།།དབང་པོ་ཡུལ་དུ་སྦྱོར་བ་དང་།ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་སྦྱོར་བ་དང་།།སོ་སོ་རྩལ་སྒྱུ་མ་ཙམ་དུ་ཡོད་པ་ཡུམ་དུ་སྦྱོར།




iiif viewer powered by OpenSeadragon

387a - 388a

Texts on this page

N750 - gsang ba'i snying po de kho na nyid nges pa