| | e-texts navigator
|
287a1 ལས་རྡོ་རྗེ་གསང་འབྱུང་བ་ལ།།ོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཕཊ།།ོཾ་ལུས་ངག་ཡིད་གསུམ་འཁར་ལ་ནི།།སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།།སྣང་མཛད་འཁར་ལ་དཔའ་བ་ཡིན།།སྣང
287a2 མཛད་འཁོར་ལོ་རང་གནས་པས།།ཡེ་ཤེས་འཁོར་ལོ་གསོར་ཞིང་སྤྲོ།།ེ་མའོ་འཁོར་ལོ་ཆེ་མཆོག་གི།ཉིད་ཀྱི་མཚན་དུ་གསོལ་པ་ནི།།ཅིས་ཀྱང་མ་ཤིགས་མི་བྱེད་པས།།ཅིས་ཀྱང་མ་གེ་རྨྨ
287a3 མ་འདྲེས་པས།།བདེ་ཆེན་མཆོག་ཏུ་གྱུར་པས་ན།།ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ།།རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས།།འཁོར་ལོ་འཆང་རྒྱལ་ཐམས་ཅད་ཀྱི།།རང་གི་རྟག་སུ་བརྟན་པའི
287a4 ཕྱིར།།མི་ཕྱེད་འཁོར་ལོ་འཆང་ཞེས་བྱ།།ཧཱུཾ་ཇི་ལྟར་རྒྱལ་པོ་རང་གི་རྒྱས།།རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར།།བདེ་ཆེན་སྙིང་ལ་གནས་པ་དང་།།དབང་ཆེན་དུས་ལ་བརྩོན་པ་ཡིས།།ཐཾད
287a5 ཀུན་ལ་དེ་ལྟར་འདེབས།།འདའ་དཀའ་ཇི་བཞིན་མི་ཤིགས་པས།།རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས།།བདག་ཉིད་ཆེན་པོ་མཚན་མའི་གཟུགས།།ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།།
287a6 ཉིད་ཀྱི་ལུས་ནི་བརྟན་ཕྱིརོ།།ོཾ་འཁོར་ལོ་འཁོར་ལོ་དྲག་ཆེན་དང་།།རང་ཉིད་ཆེ་བའི་བདག་ཉིས་དང་།།འདུལ་བའི་ཐབས་ཀྱི་རྒྱལ་པོ་ཡིས།།ཕྱེ་ཞིང་གཞིག་དང་བཙམ་ལ་སོགས།།
287a7 དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན།།ཧཱུཾ་རྩན་ཞིང་འབར་བའི་འཕྲོ་འདུ་འདིས།།ཐམས་ཅད་འཁོར་ལོ་ཉིད་པས་ན།།ན་མཁའི་ཁམས་ཀུན་བཀང་བ་ཡིན།།དེ་ལས་འཁོར་ལ
iiif viewer powered by OpenSeadragon
286b - 287b