e-texts navigator
Collection
Volume
Page
Wylie

285a1 སྟོང་རྩོར་འབར་བ་རིན་པོ་ཆེ།།ཟླ་བརྟུལ་འབྲུ་སྦལ་དྲིལ་བསིལ་ཞིང་།།འཁྲོལ་བའི་ཚུལ་གྱིས་ཆོས་ལ་བརྟན།།འབྲུ་བཞི་སྨྲས་ནས་ཐུགས་ཀར་བཀན།།མུང་གྱི་རྩེ་ཡོར་དྲིལ
285a2 བསིལ་འབར།།ཉི་མ་འབྲུ་ལྔས་ལས་འཁྲེལ།།བཏུད་ཏེ་འཛུམ་པའི་མདངས་ཀྱིས་བལྟ།།འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། མ་གྱི་རྩེ་མོར་པདྨ་འབར།།ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ།
285a3 ཞེང་།འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།།འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།།བྷྱོ་བསྒྲེང་རྩེ་མོར་དྲིལ་བསིལ་འབར།།ཉི་མ་འབྲུ་ལྔ་ལ་སུ་འཁྲིལ།།བཏུད་དེ་འཛུམ་པའི་མདངས
285a4 ཀྱི་བལྟ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།།ཧི་གྱི་རྩེ་མོར་རལ་གྲི་འབར།།ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་།།འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟུལ།།འབྲུ་བཞི་སྦས་ནས
285a5 ཐུགས་ཀ་ར་བཀན།།ཏཾ་བསྒྲེང་རྩེ་མོར་དྲིལ་བསིལ་འབར།།ཉི་མ་འབྲུ་ལྔས་ལ་སུ་འཁྲིལ།།བཏུ་དེ་འཛུམ་པའི་མདངས་ཀྱིས་བལྟ།།ུཏྤལ་ལ་སོགས་ཀླུ་ཤིང་མཚན།།རིན་ཆེན་མྱུ་གུ་རལ་གྲི
285a6 འབར།།པདྨ་དཀར་པོ་རྡོ་རྗེ་འབར།།ཆོས་ཀྱི་འཁོར་ལོ་རིན་ཆེན་ཏེ།།གཟུགས་མཛེས་རིན་ཆེན་ཕྲེང་བ་དང་།།པི་བང་གར་མཁན་མཆོག་ཉིད།།མེ་ཏོག་ཕྲེང་བ་སྤོས་མཆོད་མ།།མར་མེ་བྱུག
285a7 ལ་སོགས་པ་ཡིས།།ལས་ལ་འཁྲིལ་ཅིང་ཆོས་ལ་བརྟེན།།དབུ་རྣམས་བྱོན་ནས་འདུད་པའི་ཚུལ།གོང་གི་ཕྱག་རྒྱ་ཆེན་པོ་བཞིན།།གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ།།སྒོ་བཞི་ཕྱག་རྒྱ




iiif viewer powered by OpenSeadragon

284b - 285b

Texts on this page

N750 - gsang ba'i snying po de kho na nyid nges pa