| | e-texts navigator
|
284a1 དུས་གསུམ་བདེ་གཤེགས་ཉིད་ཀྱི་མངའ།།སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི།།ནམ་མཁའི་དབྱིངསུ་ཐམས་ཅད་ཐིམ།།ཐམས་ཅད་ཤེས་རབ་དབྱིངས་ཉིད།།དབྱངས
284a2 ལ་དབྱིངས་ནི་རྣམ་པར་སྦྱོར།།ཤེས་རབ་དབྱིངས་ཉིད་འབྱར་པ་ཡིས།།བྱང་ཆུབ་རྡོ་རྗེ་ཐིག་ལེ་ཡིན།།དཀྱིལ་འཁོར་གཞལ་ཡས་ལྷུན་གྲུབ་དང་།།རྒྱ་དང་བྲལ་པོའི་བསམ་ཡས་ཀྱིས
284a3 ཀུན་ལ་ཁྱབ་ཅང་མ་གནས་པ།།ཡོན་མཆོག་གི་གནས་ཡིན་ཏེ།།མ་བཅོས་རྒྱུན་གྱི་སྐད་ཅིག་མ།།དེ་ཡིས་མ་ཟིན་གང་ཡང་མེད།།རང་གི་རྣམ་རྟོག་མ་ཡིན་པ།།ཡང་དག་གཤེགས
284a4 དང་ལེག་རྟག་དང་།།གཞན་ཡང་སྤྲུལ་པ་མང་པོའི་ཚོགས།།ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན།།དེ་ལ་གསད་ཅིང་གཟུང་དུ་མེད།།ཁ་དོག་དབྱིབས་དང་གནས་མ་ཡིན།།སྐྱེས་བུ།
284a5 དམ་པ་མཆོག་འདོད་པས།།དེ་ལ་རྟག་འགྲུས་གསལ་བྱར་གྱིས།།དེ་ཡི་འབྲས་བུ་མཐར་ཕྱིན་ནི།།རྒྱུ་འབྲས་མེད་པའི་དུས་གཅིག་སྟེ།ཐམས་ཅད་མིང་གི་མཚན་ཉིད་དུ།།ཡི་གེ་འབྲུ
284a6 གསུམ་རྫོགས་པར་གྱུར།།མི་ཟད་རྒྱན་གྱི་འཁོར་ལོས་བསྡུས།།ཚོགས་ཆེན་གཉིས་ཀྱང་རྟོགས་པར་རོལ།།སྐྱེ་འཇིག་མེད་པའི་དབྱིངས་ལ་ཞུགས།།འཇིག་རྟེན་འདས་དང་ནི།།
284a7 རྟེན་པ།།མཐའ་ཡས་འཇིག་རྟེན་བསམ་ཡས་ཀུན།།རྒྱལ་བ་ཡུམ་གྱི་དབྱིངསུ་ཐིམ།།ཐམས་ཅད་མ་ལུས་ཆོས་སྐུར་འདུ།།ཧོ།ཆོས་ཐམས་ཅད་མིང་གི་མཚན་ཉིད་དོ།།
iiif viewer powered by OpenSeadragon
283b - 284b