| | e-texts navigator
|
283b1 ནནྟ་ཛྫ། ཀར་མཱ་ཨུད་གྷར་བཛྲ་པྲ་ཛྙཱ་ན་ཕཊ་པད། ཀརྨ་བཛྲ་གན་དྷཱ་དྷི་ཥ་བ་ཐཱ་ནཱ་དྷཱ། ཨ་ཡ་ཞེས་བརྗོད་པ་ཕྱག་རྒྱ་གསུང་གི་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ།།འབྲར་བར
283b2 གྱུར་ཏེ།།གསལ་བའི་སྙིང་པོ་དྲི་ཁོ་ན་ཉིད་ངེས་པ་ལས་དེན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལས་ཕྱག་རྒྱ་གསུང་གི་དཀྱིལ་འཁོར་རྫོགས་པའི་པའུ་སྟེ་བཅུ་བཞི་པའོ།།།དེ་ནས
283b3 བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལགྲ་བ་བསྟན་པ་ལས་ཆོས་ཐམས་ཅད་ན་མཁའ་དང་ཡུམ་གྱི་དབྱིངསུ་འདུས་པར་བསྟན་ནས་ཆེ་དུ་བརྗོད་པ་འདི་བརྗོད།།ཡང་དག་དོན་གྱི་གསང
283b4 མཆོག་ནི།།བདེ་བ་ཐུགས་ཀྱི་དཀྱིལ་འཁོར་པཾ།ངེས་པའི་དོན་ཚན་བཞི་བཅུ་གཉིས།།ཡིད་བཞིན་རིན་ཆེན་གསལ་བར་ཐིམ།།ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས།།སྐུ་ལྔའི་འོད་ཟེར་མང
283b5 པོ་ཀུན།།ཐམས་ཅད་ཡུམ་འགྱུར་དབྱིངསུ་ཐིམ།།གསལ་འབར་སྦྱིན་གྱི་བདག་པོར་འགྱུར།།བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི།།ཀུན་ལ་ཁྱབ་ཅིང་མི་གནས་པ།།ཁ་དོག་གནས་དང་དབྱིངས
283b6 མ་ཡིན།།ཡོར་མཆོག་གི་སྙིང་པོ་ནི།།རྟོག་གེ་སྤྱོད་ཡུལ་ཡོང་མ་ཡིན།།ཟབ་ཅིང་རྒྱ་ཆེན་རབ་སྦྱངས་པའི།།གསལ་ལྡན་བརྟན་པའི་སྤྱོད་ཡུལ་ཏེ།།གཞན་ནས་བཙལ་ཞིང་བརྟོག་ཏུ
283b7 མེད།།ཐམས་ཅད་ན་མཁའི་མཚན་ཉིད།།སྣ་ཚོགས་འཇིག་རྟེན་བརྟན་གཡོ་དང་།།རྒྱལ་བ་མངོན་བྱུང་ཐམས་ཅད་ཀུན།།ན་མཁའི་དབྱིངསུ་མ་གྱུ་པ།།དུས་བཞི་ཕྱོགས་བཅུ་གདན་མེད།།
iiif viewer powered by OpenSeadragon
283a - 284a