| | e-texts navigator
|
282b1 ཧཾ་ཞེས་བརྗོད་པས་ཐིམ་པར་གྱུར་ཏོ།།གསལ་བར་གྱུར་ཏོ།།འབང་བར་གྱུར་ཏོ།།ེ་མ་ཧོ་མཚར་རྨད་ཀྱི་ཆོས།།རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།།སྒྲ་དང་མིང་ཆག་ཀུན་ལས་འདས།།སྣ་ཚོགས་སྒྱུ
282b2 རྣམས་གསལ་བར་འབྱུང་།།གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི།།བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།།སྒྲ་དང་མིང་ཚིག་སོ་སོར་གྲགས།།ཐམས་ཅད་གསུང་གི་ཕྱག་རྒྱ་མཆོག།རྒྱུད་མཆོད
282b3 རྒྱུད་ཆེན་དྲ་བ་ལས།།བད་ལྡན་གསུང་གི་དོན་འབྱུང་བའང་།།ཐམས་ཅད་པདྨའི་ངང་གྱུར་ན།།གྲོལ་ཐར་ལམ་དང་འཁོར་བའི་སྒྲ།།ཇི་ལྟར་བརྗོད་ཀྱང་གསུང་མཆོག་སྟེ།།ཐེག་པ་མཐོན་དམན་ཐ~ཾད
282b4 དང་།།ལོག་འགྲོ་མ་ལུས་ཐམས་ཅད་སྐད།།བྱང་ཆུབ་རྡོ་རྗེ་གསུང་དུ་བསྡུས།།བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས།།སྒྲ་ཉིད་མ་ཆགས་དང་དུ་གསུངས།།གསུངས་པ་ཉིད་ན་བརྗོད་དུ་མེད།།
282b5 བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ།།ཀུན་ལ་གྲགས་ཤིང་སོ་སོར་མཇལ།།དཔེར་ན་དེ་བཞིན་སྦྲིད་བསངས་བཞིན།།གསུང་གཅིག་སྒྲ་ཡས་ཐམས་ཅད་གོ།འདི་ནི་གསུང་མཆོག་རྒྱལ་པོ་ཡིན།།ཐེག
282b6 པ་མཐོན་དམན་བསིམ་ཡིས་ཀྱང་།།དེ་བཞིན་ཉིད་ལས་མ་གསུངས་ཏེ།།གདུལ་བའི་ཐབ་སུ་སོ་སོར་ཐོས།།ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་།།དེ་བཞིན་ཉིད་ཀྱིས་གསུངས་པ་མེད།།ཡི་གེ་མེད་དང
282b7 རིག་པའི་གསུང་།།ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་།།ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས།།འགྲོ་དོན་སྣ་ཚོགས་སོ་སོར་གསལ།།གསལ་ཉིད་གསང་གི་རྡོ་རྗེ་མཆོག།དེ་བཞིན་གསུང་གིས
iiif viewer powered by OpenSeadragon
282a - 283a