e-texts navigator
Collection
Volume
Page
Wylie

279b1 སུགྲགས་གྱུན་པན།།ང་ཕྲ་བ་ཚོགས་ཆེན་པོ།།འབར་བའི་ཕྲེང་བས་ལ་ཁྱིལ་བསྟེ།།དབུས་མཐའ་མོད་པར་ཁྱབ་པ་ཡི།།ཀྱི་འཁོར་བསམ་ཡས་སྤྱན་གྱིས་ཟུག།།སྠཱ་ཡ~ཾ་བྷག་རྒྱ་ན་མཆོག་ནོ།།དེ་བནན
279b2 དབྱིངས་ལས་མ་གཡོས་ཀྱང་།།ཡང་དག་ཐར་པའི་གཟུག་སྐུ་དང་།།འགྲོ་བ་མ་ལུས་འདུལ་བའི་ཕྱིར།།མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།།སྟོན་ཉིད་སྐྱེ་མ་མིག་ཡོར་ཚུལོ།།ཚུལ་ཉིད་དབྱིངས་ལས
279b3 གཡོས་པ་མེད།།མ་གཡོས་བཞིན་དུ་སྣ་ཚོགས་བཞིན།།དེའི་ཚེ་མི་མཐུན་སྣ་ཚོགས་ལ།།སོ་སོ་འདྲ་བར་སྣང་བ་ནི།།དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།།ལས་འཕྲོ་དབང་གིས་སོ་སོར་སྣང་།།དཔེར་ན
279b4 མེ་ལོང་ཆུ་བཟླ་བཞིན།།དེ་ཚེ་འགྲོ་དྲུག་ཐམས་ཅད་ལ།།སྡིག་སྲོང་གཟུགསུ་རྣམ་པར་བསྟན།།དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།།རང་རྒྱལ་རྣམས་ལ་སེ་རུའི་ཚུལ།།གཞན་ཡང་ཐེག
279b5 མཆོག་རིམ་པ་བཞིན།།འོག་མིན་བླ་མེད་གནས་མཆོག་ཏུ།།སྐུ་ནི་རྣམ་པར་སྣང་མཛད་ཚུལ།།བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།།དེ་བཞིན་གསུང་མཆོག་མི་སྨྲ་ཏེ།།སྐུ་ཡིས་ཆོས་རྣམས
279b6 མཇལ་བར་སྟོན།།མེ་ལོང་བསྟན་པའི་ཚུལ་བཞིན་དུ།།དངོས་ཀྱི་མདོག་ངན་ཐམས་ཅད་སེལ།།འཁོར་གྱིས་དེ་བཞིན་སྐུ་བལྟམ་ན།།བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད།།མེ་ལུང་བཞིན་དུ་སྐུ་ལ
279b7 སྣང་།དེ་ནས་ས་བཅུ་རིམ་གྱིས་འབྱང་།།བླ་མེད་བྱང་ཆུབ་ཡང་དག་འཐོབ།།ཆོས་སྐུ་དཔག་མེད་བརྗོད་དུ་མེད།།ལོང་སྤྱོད་ཟད་མེང་རིན་ཆེན་གཏེར།།སྤྲུལ་པ་བྱེ་བ་བསམ་མི་ཁྱད།།མཚོན




iiif viewer powered by OpenSeadragon

279a - 280a

Texts on this page

N750 - gsang ba'i snying po de kho na nyid nges pa