| | e-texts navigator
|
279a1 ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས།ཆེ་དུ་བརྗོད་པ་འདི་བརྗོད།།ཡེ་ཤེས་ཕྱོགས་བཞི་དབུས་བརྟགས
279a2 ཏེ།།དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི།།རྫོགས་ཆེན་རྟགས་པའི་རྣལ་འབྱོར་པས།།ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད།།འཁོར་ལོ་བརྩིབས་བཞི་མུ་ཁྱུད་བཅས།།གྲུ་ཆད་བཞིས
279a3 བརྒྱན་པར་འཁྱམས་དང་།།ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན།།རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན།།དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།།སེང་གེ་གླང་ཆེན་རྟ་དང་ཁྱུད་།།ནམ་མཁའ་ལྡིང
279a4 གི་ཁྲི་ཆེན་ལ།།ཉི་ཟླ་པདྨ་རིན་པོ་ཆེ།།གདན་ལ་རྫོགས་དང་སེམས་དཔའི་ཚུལ།།འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་།།གཡས་ནས་མཐོང་ཐོས་སྣོམ་པ་དང་།།མྱོང་དང་བཙུན་མོའི་ཚོགསུ
279a5 བཙས།།གྲུ་ཆད་ལ་ནི་མཐོང་བྱེད་དང་།།ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས།།བཙུན་མོ་དག་དང་བཅས་པར་གནས།།བར་འཁྱམས་ལ་ནི་ཐུབ་དྲུག་དང་།།མདུན་དང་རྒྱབ་དུ་བྱེད་པ་དང་།།
279a6 བྱ་བ་དག་ནི་གནས་པར་བསྟན།།སྒོ་ཁྱུད་བཞི་ལ་འཇོམས་པ་ནི།།བཙུན་མོའི་ཚོགས་དང་ལྡན་པར་གནས།།རྡོ་རྗེ་འཁོར་ལོ་རིན་པོ་ཆེ།།པདྨ་རལ་གྲི་དྲིལ་བུ་འབར།།ུཏྤལ་ཀླུ་ཤིང་ལ་སོགས
279a7 ཚན།།མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།།མཐིང་ཀ་དཀར་པོ་སེར་ལེབ་རྒན།།ལྗང་ཁུ་ལ་སོགས་སྣ་ཚོགས་པའི།།མཉེན་ལྕགས་འཁྲེལ་ལྡེམ་གཞོན་ཚུལ་ཅན།གསལ་འཚེར་སྤྱན
iiif viewer powered by OpenSeadragon
278b - 279b