| | e-texts navigator
|
278a1 ཀུན་བཟང་ཕྱག་རྒྱ་མཆོག།རང་བཞིན་སྐུ་གསུང་ཐུགས་ཆེན་པོ།།བྱང་ཆུབ་ལྷུན་གྲུབ་འདལ་བའི་ངང་།།སྙིང་པོ་ཉིད་ནི་སྙིང་པོར་ཀུན་བཅས་ཀུན་ཏུ་གནས།།དེ་ཉིད་རྫོགས་པའི
278a2 དང་ལས་དངོས་གྲུབ་ཀུན་ཤར་ཀུན་ཏུ་གནས། ཧོ།རྡོ་རྗེ་གསང་བའི་ཚིག་ཏུའོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།།།།དེ་ནས
278a3 དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་རང་བཞིན་གྱི་དཀྱིལ་འཁྲོ་ལྔ་ལྷག་འི་དཀྱིལ་འཁོ་གྱི་སྔར་འཆང་རྣཾས་ལྷ་སྒྲུབ་པའི་དཀྱིལ་འཁོར་འདི་དོན་ཡོད་པར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི
278a4 བརྗོད་དོ།།ེ་མའོ་ཡེ་ནས་རྣམ་དག་པའི།།ཐབས་དང་ཤེས་རབ་ལྡན་པར་གནས།།བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར།།དེ་ཉིད་བཞུགས་གནས་ཡིན་པར་གསུངས།།ཆོས་རྣམས་ཐམས་ཅད
278a5 བདག་མེད་པའི།།དབྱིངསུ་ཐིམ་པའི་འོད་ཟེར་གསལ།།གཅིག་དང་སྤྲོས་པ་ཐམས་ཅད་མེད།།དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ།།ཡེ་ནས་མྱ་ངན་འདས་པའི་ཆོས།།ཡེ་ཤེས
278a6 རྒྱུ་དང་འབྲས་བུ་ལྡན།།ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།།ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར།།ཐུགས་རྗེས་བྱིན་བརླབས་འཕྲོས་པ་ཡིས།།ཡེ་ཤེས་བཞིའི་དཀྱིལ་འཁོ
278a7 སྤྲོ།ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས།།བྱིན་བརླབས་ཡི་མཚན་བསམ་མི་ཁྱབ།།རང་སྣང་བ་ཡི་ཐབས་ལས་འབྱུང་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི།།ཐུགས་རྗེ
iiif viewer powered by OpenSeadragon
277b - 278b