e-texts navigator
Collection
Volume
Page
Wylie

277b1 ཉམས་ཤེས་ཤིང་ཡོ་བྱད་ལྡན།།འགྲུབ་འགྱུར་མི་ལྡན་དོན་མེད་བརླག།དུས་གསུམ་རྒྱལ་བས་ཐུགས་ཆུད་པའི།།དངོས་གྲུབ་མཆོག་གི་སྙིང་པོ་ནི།།ཟད་པའི་དུས་མེད་ཡིད་བཞིན་མཛོད།།འཕེལ་འགྲིབ་མེད
277b2 མེད་པར་འབྱུང་བ་སྟེ།དངོས་པོ་མེད་ལས་དངོས་པོའི་སྤྲིན།།སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།།དངོས་རྣམས་ཉིད་ན་དངོས་མེད་པར།།རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན།།གང་གིས་དམིགས
277b3 མེད་མི་ཤེས་པ།།དེ་ཡིས་ཆོས་ཀྱི་དབྱིངས་མ་ཡིན།།དེ་ཕྱིར་དངོས་དང་དངོས་མེད་པ།།འཇིགས་པས་དམིགས་མེད་ཤེས་པར་གྱིས།།བཞི་རྩ་མེད་པའི་སེམས་ཉིད་ནི།།ཕོ་མོ་མ་ཡིན་མ་ནིང་མིན།།
277b4 མཚན་མེད་མ་ཡིན་རིགས་རྒྱུད་མིན།།ཁ་དོག་མ་ཡིན་དབྱིབས་མ་ཡིན།།གན་སུ་མ་ཡིན་གང་ཡང་མིན།།དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།།ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།།ཐབས་ལས་ཐབས།།
277b5 བྱུང་ཐབས་བསམ་ཡས།།ཐ་དད་མིན་ལ་ཐ་དད་པའི།།ནང་དང་ནང་གི་ཕྱི་རོལ་པ།།དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།།འཇིགས་མེད་ཀུན་བཟང་ཕྱག་རྒྱ་མཆོག།གང་གིས་གླང་ཆེན
277b6 མྱོས་འདྲའི་སེམས།།མཉམ་པར་གཞག་པས་བཏུཡན་སུ།སྔགས་དང་ཕྱག་རྒྱས་རབ་བརྟན་ན།།དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར་ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་གཟིགས
277b7 མོས་མཉེས་པར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྫོ་གསང་བའི་ཚིགི་འདི་ཕྱུང་།། མའོ་སྙིང་པོར་ལམ་བཅས་པས།།འཇིགས་མེད་དབྱིངས་ཉིད།




iiif viewer powered by OpenSeadragon

277a - 278a

Texts on this page

N750 - gsang ba'i snying po de kho na nyid nges pa