e-texts navigator
Collection
Volume
Page
Wylie

276a1 གཏེར་ཉིད་དང་།།ཐམས་ཅད་འགྲོ་བའི་གནས་ཉིད།།དེ་ཡིས་མྱ་བསྐྱེད་གང་ཡང་མེད།།འཁོར་དང་མྱ་ངན་འདས་པའི་རྒྱུ།།དེ་ལས་ཐམས་ཅད་སྐྱོ་ཞིང་འབྱུང་།།ཀུན་གྱི་ཕྱག
276a2 རྒྱུའི་རྒྱུ་ཡིན་ཏེ།།བདེ་བ་བྱང་ཆུབ་སྒྲུབ་པའི་རྫས།།དེ་ལས་བསྐྱེད་ཅིང་དེ་ལས་སོ།།དངོས་གྲུབ་ཐམས་ཅད་སྒྲུབ་པའི་གནས།།དབང་པོ་རྡོ་རྗེ་པདྨོར་ལྡན།།གཉིས་མོད་བྱང་ཆུབ་སེམས་འདྲོན
276a3 མི་དམིགས་པདེ་དང་ལོང་སྤྱོད་འཕྲོ།།སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།།གདས་པའི་ལྷ་མོ་བཞི་རྣམས་དང་།།མཆེད་པོའི་ལྷ་མོ་རྫོགས་ལྡན་བཞི།།འཇུག་དང་ལྡང་དང་གནས་དང
276a4 སྨིན་པའི་བྱང་ཆུབ་སེམས།།གཡོ་དང་བསྐྱོད་དང་ལྡན་དང་གནས།།འགུག་དང་འཛིན་དང་དེ་བཞིན་ཏེ།།བསྡུས་དང་འཁྲིལ་བའི་དོན་སྒྲུབ་ཕྱིར།།བསྡམས་དང་མི་གཏོད་དབང་སྒྱུར་ཏེ།།
276a5 བདེ་བ་སྒྲ་སྙན་ཕྱོགས་བཅུར་སྒྲེབས།།ཤིན་ཏུ་སྐེགས་པའི་གཟི་བརྗིད་འབར།།ཡིད་བཞིན་རིན་ཆེན་ཕྲེང་བར་འབར།།དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར།།གཟུགས་མཛེས་བསྐྱེད
276a6 པས་ཕྱོགས་བཅུར་ག་ཡོ།།ཀུན་ཏུ་ཚིམ་བྱེད་བྲིགསུང་ཐིམ།ལྷ་མཛེས་རིན་ཆེན་ཕུང་པོ་འཕྲོ།།འོད་གསལ་འཕྲོ་བས་ཀུན་ཏུ་འབར།།བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས།།
276a7 ལ་ཧོ།གསང་བའི་དབང་པོར་ལྡན་གྱུར་ནས།།ཆགས་པ་མེད་པའི་ཚུལ་གྱི་སུ།།ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས།།སཾ་ཅུ་རིམས་ཀྱིས་བཀོད་མེད་རྫོགས།།ཀུན་ཏུ་འོད་གསལ




iiif viewer powered by OpenSeadragon

275b - 276b

Texts on this page

N750 - gsang ba'i snying po de kho na nyid nges pa