e-texts navigator
Collection
Volume
Page
Wylie

275b1 ཤཱནཀསང་བའི་ཕྱིར་གསང་སྔགས་ཀྱི་ཧུད་ད་ར་ཕྱེ་བ་དང་ནང་བ་ཐབས་ཀྱི་རྒྱུད་གཞན་ལ་ཁམས་བཅོ་བརྒྱད་དུ་བསྟན།གཙུག་ལྡག་ཐམས་ཅད་ལ་ཡང་ཁམས་བཅོ་བརྒྱད་དུ་བསྟན་པ་ཡིན།ལུང་ག
275b2 འདི་ནི་ཤིན་ཏུ་ཟབ་པའི་ཕྱིར།།བེམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ།ལུང་གི་སྐྱེ་ཡང་རྒྱུད་དང་གསུང་རབ་ཐམས་ཅད་འབྱུང་བའི་གནས་ཡིན།གསང་བའི་དབང་པོ་དང་གསང་བའི་ཡུལ་གཉི་ཀ་ཡང
275b3 མཆེད་དང་ཁམས་ཐམས་ཅད་འབྱུང་བའི་གཞི་ཡིན་པའི་ཕྱིར་ཤིན་ཏུ་གསང་བར་གསུངསོ།།དཀྱིལ་འཁོར་དེ་དག་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་ཉིད་ལ་ཉིད་ཆེ་དུ་བརྗོད་པ་འདི་བརྗོད་དོ།།
275b4 ཨེ་མའོ་ཡ་ནས་གསང་བའི་ཆེས།།ཐམས་ཅད་ཀུན་ལ་རང་བཞིན་གནས།།ངང་གིས་དག་མཉམོ་མ་གཏོགས་པས།།ཀུན་ལ་ཡོད་ཅིང་རང་བཞིན་གསོང་།།གཞན་དུ་མིན་ལ་ཤིན་ཏུ་གསང་།།དོན
275b5 ཉིད་ཀྱིས་ནི་གསང་བའི་རྒྱུ།།མཉམ་པའི་རྡོ་རྗེ་ཅན་གྱིས་གསུང་།།འདོ་ནི་བྱང་ཆུབ་སྙིང་པོ་མཆོག། ཧཾ།རྡོ་རྗེ་གསང་བའི་ཚིག་ཏུའོ།།དབང་པོ་ཡུལ་དུ་སྣང་བའི་རྣམས།།བྱང་ཆུབ་སེམས་དཔར
275b6 དཀྱིལ་འཁོར་ཉིད།།ཕུང་པོ་ལྔ་དང་འབྱུང་བ་ལྔ།།རིགས་རྫ་ཡབ་ཡུམ་ཙུ་རུ་འབྱོར།།སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་དོ།།སེམས་དཔའ་སེམས་མའི་དཀྱིལ་འཁོར་ཉིད།།ཐམས་ཅད་བྱང
275b7 ཆུབ་སེམས་མ་ཡི།།རྡོ་རྗེ་གསང་བའི་དབང་པོར་འདུས།།རྡོ་རྗེ་དབང་པོ་གསང་བའི་ཐབས།།དབང་པོ་ཡུལ་ཉིད་ཤེས་རབ་དབྱིངས།།དབང་པོའི་ཐུགས་ན་རྡོ་རྗེ་སེམས།།ཐམས་ཅད་འབྱུང་བའི




iiif viewer powered by OpenSeadragon

275a - 276a

Texts on this page

N750 - gsang ba'i snying po de kho na nyid nges pa