e-texts navigator
Collection
Volume
Page
Wylie

275a1 དག་པ་སྟེ།ལ་ནི་སྟོང་པ་དག་པའོ།།ཤ་ནི་རྟག་མེད་དྲག་པ་སྟེ།།འ་ནི་ཆད་པའང་ཡོད་མ་ཡིན།།ས་ནི་མཐའ་བྲལ་བདག་མེད་པ།།ཧ་ནི་མཚན་མ་མེད་པ་ཉིད།།ཀཱ་ཏཱི་ཡི
275a2 ཐུགས་ཀྱི་ཐུགས།།ོཾ་ནི་རྡུལ་སྙེད་ལྷ་རྣམས།།ཱི་ནི་རྡུལ་སྙེད་ལྷ་མ་ཡིན།།ུ་ནི་རྡུལ་སྙེད་མོ་རྣམས།།ཱུ་ནི་རྡུལ་སྐྱེད་བྱོལ་སོང་རྣམས།།ེ་ནཻ་རྡུལ་སྐྱེད་ཡི་དགསུ།།ཡཾ་ནི་རྡུལ་སྙེད
275a3 དམྱལ་བ་རྣམས།།ོཾ་ནི་ཐམས་ཅད་འཇིག་པར་བྱིང།ོཾ་ན་ཐམས་ཅད་འཇིག་པ་ཡིན།།ཡི་གེ་འཁོར་ལོ་ཚིགས་ཆེན་འདིས།།སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས།། ཧོ།དེ་ནས་དེ
275a4 བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིསུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡིན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཧོ།ཐབས་དང
275a5 ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ།།འབྲས་བུ་རྒྱལ་བའི་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས།།འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར
275a6 འབྱིན་པའི་དམ།།འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན།།ི་ཧོ།རྡོ་རྗེ་གསང་བའི་ཚིག་ཏུའོ།།ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར
275a7 ལོར་གྱུར་ཏོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བ་འཁོར་ལོ་བཀོད་པའི་ལེའུ་སྟེ་དྲུག་པའོ།།།།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས




iiif viewer powered by OpenSeadragon

274b - 275b

Texts on this page

N750 - gsang ba'i snying po de kho na nyid nges pa