| | e-texts navigator
|
274b1 ཡི་གེ་མ་ག་ནས་ཀླུ་ལས་རྫོགས།།སེམས་ནི་རང་བཞིན་ཡི་གེ་སྟེ།།ཡི་གེ་དངོས་པོ་ཡོད་མ་ཡིན།།དམིགས་མེད་དེ་ཉིད་སྣ་ཚོགས་པའི།།སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ།།སྐུ་གསུང་ཐུགས་ན
274b2 ངོ་མཚར་བྱི།།ཡི་མཚན་འཕྲུལ་ཆེན་རབ་འགུགས་པ།།དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ།།ཡི་གེ་ཞེས་ནི་དེ་ཕྱིར་བརྗོད།།མགོ་ནི་མེ་ནོར་ལམ་ཡིན་ཏེ།།ཚེག་ནི་ཤེས་རབ་མིང་དུ་སྨྲས།།ཤ
274b3 ནི་ཐབས་ཆེན་ཚིག་སུ་གཅོད།། ནི་སྐྱེ་མེད་དེ་བཞིན་ཉིད།།ཐ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད།།ཊཾ་ནི་སྣང་བའི་སྒྱུ་འཕྲུལ་ཉིད།།ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད།།ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད།།ཎ་ནི་ཀུན
274b4 ཏུ་སྒྱུ་འཕྲུལ་ཉིད།།ཐ་ནི་དྲ་བས་མངོན་རྫོགས་ཉིད།།ཏ་ནི་དྲ་བས་བརྟན་པ་ཉིད།།དེ་ནི་དྲི་བས་ལྷམ་མོ་ཉིད།།དྷ་ནི་དྲ་བས་འཁྱིལ་བ་ཉིད།།ན་ནི་དྲི་བས་ཀུན་ཏུ་འགྱུར།།ཀཱ་ནི་སྨན་གྱི་ཐུགས་ཀྱི
274b5 མཆོག།ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག།ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག།གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག།ད་ནི་ཐུགས་ཀྱང་འཇིག་བྱེད་པའོ།།ཙ་ནི་སྤྱན་གྱི་སྐུ་ཡི་མཆོག།ཚ་ནི་སྙན
274b6 གྱི་སྐུ་ཡི་མཆོག།ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག།ཛྙཱ་ནི་ལྗགས་ཀྱི་སྐུ་ཡི་མཆོག།ཉ་ནི་སྐུ་ཡང་འཇིག་བྱེད་པའོ།།པ་ནི་སྤྱན་གྱི་གསུང་གི་མཆོག།པ་ནི་སྙན་གྱི་གསུང་མཆོག་སྟེ།།
274b7 ནི་ཤངས་ཀྱི་གསུང་མཆོག་ཡིན།།བྷ་ནི་ལྗགས་ཀྱི་གསུང་གི་མཆོག།མ་ནི་གསུང་ཡང་འཇིག་པར་བྱེད།།ཡ་ནི་སྐྱེ་བོ་རྣམ་པར་དག།ཝ་ནི་གནས་པ་དག་པ་ཡིན།།ར་ནི་འཇིག་པ
iiif viewer powered by OpenSeadragon
274a - 275a