e-texts navigator
Collection
Volume
Page
Wylie

274a1 བྷ་བླས་ཀུན་གང་སྔགས་འབྱུངས།སྡུས་ཀྱང་འཕེལ་འབྲིབ་མེད་པར་བསྟན།།དེ་ལས་མིང་ཆགས་གསལ་བར་ཀུན།།སྤྲོ་ཞིང་རྫུ་བཱ་འདྲ་དེ་བཞིན།།འདི་ནི་རྡོ་རྗེད་སྒྱུ་ཐུར་གྱི།
274a2 བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན།།།ཀ་ཁ་ག་བྷ་ང་།ཙ་ཚི་ཛ་ཛྙཉ།ཊ་ཐ་ཌ་ཌྷཱཿ།ཏ་ཐ་ད་དྷ་ན།པ་ཕ་བ་བྷ་མ།ཡ་ཝ་ར་ལ།ཤ་ཥ་ས་ཏ་ཀྵཱ།ི་ཨཱི།ུ་ཨཱུ།ེ་ཨཾ།ོ་ཨོ།འདི་དག
274a3 བྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས།རབ་ཏུ་གཡོས་ཀུན་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་དུ་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས
274a4 པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད།།ཱ་ནི་སྟོང་དང་མི་སྟོང་གི།དབུ་མ་དམིགསུ་ཡོད་མ་ཡིན།།ཐམས་ཅད་མིང་ཙམ་སངས་རྒྱས་ཀུན།།ཡི་གེ་ཕྲེང་བ་ཉིད་ལ་གནས།། ཉིད་སྣ་ཚོགས་པར
274a5 སྣང་བའི།།ཀཾ་ལས་སོགས་པ་བཞི་བཅུ་གཉིས།།སྒྲ་ཡི་མིང་གིས་ཐམས་ཅད་བསྡུས།།མངོན་རྫོགས་རྒྱལ་པོར་དེ་ཉིད་ངས།།ེ་མ་ཧོ་ངོ་མཚར་ཡ་མཚན་བྱིས།།འཕྲུལ་ཆེན་བཞི
274a6 བཅུ་རྩ་ལྔའི་མིང་།།ཚིག་རྣམས་མ་ལུས་འཛིན་པའི་གནས།།སྣ་ཚོགས་དོན་ཀུན་སྨྲ་ཞིང་སྟོན།།དངོས་མེད་ཡི་གེ་རང་བཞིན་སེམས།།བདག་མེད་མཐའ་བྲལ་མི་དམིགས་ཀྱང་།།དབྱིངས
274a7 དང་ཁ་དོག་མིང་ཚོགས་ཀྱིས།།རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན།།ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།།ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས།།དཀྱིལ་འཁོར་བཞི་བཅུ་རྩ་སྒོཉ




iiif viewer powered by OpenSeadragon

273b - 274b

Texts on this page

N750 - gsang ba'i snying po de kho na nyid nges pa