| | e-texts navigator
|
273b1 རིག་གམས་བྱས་བླ་ན་མེད་པའི་མཆོག།ལོག་རྟོག་བདག་དང་བདག་གིར་འཛིན་གྱུར་ན།།དངོས་མད་མི་སྡུག་སྣ་ཚོགས་སྣང་བར་འགྱུར།།ཡང་དག་ཤེས་པས་རིག་བློ་མེད་ན།།བདེ་གཤེགས་ཞིང
273b2 ཡང་ངན་སོང་གན་སུ་མཐོང་།།ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི།།ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས།།ན་མཁའི་དབྱིངས་ནི་དེ་ཉིད་བསམ་ཡས་པར།།ཉི་ཟླ་གཟའ་སྐར
273b3 མཚན་མ་གློག་འགྱུ་དང་།།འཇའ་ཚེ་ན་སྤྲིན་མངས་སྣ་ཚོགས་འཁྲུགས་གྱུར་ཀྱང་།།ནམ་མཁའི་དབྱིངས་ལ་གྱུར་ཅིང་ཉམས་པ་མེད།།མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར།།སྐུ་གསུང།།
273b4 ཡོན་ཕྲིན་ལས་རྨད་འབྱུང་དང་།།འཇིག་རྟོག་གཙོ་མཆོག་མ་ལུས་ཐམས་ཅད་དང་།།འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམས་མང་ཡང་།།དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད་ཅེས་རྡོ་གསང
273b5 དེའི་ཚིག་ཏུའོ།།རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་རིགས་རྒྱུད་ཆད་པ་དང་རིགས་བརྒྱུད་སོ་སོར་དབྱེ་བའི་མདོར་བཤད་པའི་ལེའུ་སྟེ་ལྔ་པའོ།།།
273b6 དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངསུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་འཛིན་ལས་མི་གཡོ་བར་ཆོས
273b7 ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། རབ་ཏུ་བརྟན་གྱུར་ཨ་དཀར་ལས།།ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།
iiif viewer powered by OpenSeadragon
273a - 274a