| | e-texts navigator
|
273a1 རྣལ་འབྱོར་པ།།སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ།།བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར།།ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཆུབ་ཤེས་པའི།།
273a2 དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག།དག་བཤེས་མི་སློབ་རང་གི་རིག་པས་རྟོགས།།བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག།བདེན་བཞི་དོན་རྟོགས་རབ་ཏུ་སྤོང་བ་ཡིས།།
273a3 ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བའི།།རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི།།ཉོན་མོངས་དགྲ་རྣམས་རབ་ཏུ་ཞི་བའི་ས་རུ་འགྲོ།།ཐེག་པ་གང་དུ་བསྟན་པ་མ་ངེས་པའི།།ཡང་ན
273a4 ཀུན་ལ་འཐུན་ནས་འཇོམ་པར་འཇུག།ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ་མེད།།འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས།།དགེ་བཅུ་སྤྱོད་ཅིང་མི་དགེ་སློང་བྱེད་པ།།འདོད་ཁམས་ལྷ་དང་མི
273a5 རུ་སྐྱེ་བའི་རྒྱུ།།ཚད་མེད་བཞི་སྦྱོང་མི་གཡོ་སྒོམ་བྱེད་པ།།ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིནོ།།ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ་གྱུར་ཀྱང་།།རང་རིག་རྟོགས་པའི་སྐལ་དང་མི
273a6 ལྡན་ནི།།ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟེན་བཞིན།།འདི་ནི་སྐལ་མེད་རིགས་ཆད་ས་ཡིནོ།།ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས།།བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་།།།
273a7 སོ་སོ་རང་རིག་བླ་ལ་སྣང་བར་ཟད།།ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་།།འཁྲུལ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ།།དེ་བཞིན་ཉིད་ཀྱི་དབྱིངས་ལ་འགྱུར་བ་མེད།།མི་དམིགས་རང་།།
iiif viewer powered by OpenSeadragon
272b - 273b