e-texts navigator
Collection
Volume
Page
Wylie

272a1 ངེས་འབྱུང་ལ།།ཐེག་པ་གཅིག་གི་འབྲས་བུར་གནས།།ཡང་དག་རྟོགས་པས་རབ་བརྟགས་ན།།རང་བཞིན་མེད་ལ་ཅིང་ཡང་འགྲུབ།།སངས་རྒྱས་མྱ་ངན་ཡོད་མི་འདས།
272a2 ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།།མ་རིག་སྨིན་མཛད་གདུལ་བའི་ཕྱིར།།འབྱུང་གནས་མྱ་ངན་འདའ་བར་སྟོན།།འདུལ་བ་མདོ་སྡེ་ཆོས་མངོན་དང་།དམ་ཚིག་སྒྲུབ་དང་གྲུབ་པ་དང་།།སྐུ་དང་།
272a3 གསུང་དང་ཐུགས་ཀྱི་རྒྱུད།།ཇི་སྙེད་འཇིག་རྟེན་མཐའ་ཀླས་པར།།ཕྱོགས་བཅུར་ཀུན་ཏུ་རབ་གྲགས་པ།།གསང་བའི་སྙིང་པོ་ལས་འཕྲོས་ཏེ།།རང་བཞིན་གསང་བའི་སྙིང་པོ་འདི་སྡེ་སྣོད།།
272a4 ཀུན་དང་རྒྱུད་ཀུན་གྱི།།སྟོན་པའི་ཐུབ་པ་བསམ་ཡས་པ།།འབྱུང་གནས་གཏན་ལ་ངེས་པར་འབེབས།།ཆོས་རྣམས་མིང་དུ་བཏགས་པ་ཙམ།།སྟོན་པས་དོན་དང་འཐུན་ཕྱོགསུ།།
272a5 མེམིང་ཉིད་ཆོག་ཏུ་རྟགས་ནས་བསྟན།།སྟོན་ཅིང་ཚིག་ལ་དངོས་པོ་མེད་ཅེས་བརྗོད་པས།ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ཆེན་པོར་གསལ་བར་གྱུར་ཏོ།།དེ་ནས་དེ
272a6 བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་གཉིསུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་།། ཧོ་སྲིད་རྫིའ་ཉེས
272a7 དམིགས་བདག་ཏུ་རྟོག་ལས་འཕྲོས།།རྒྱུད་དྲུག་སྐྱེ་འགག་ལུས་དང་ལོང་སྤྱོང་དང་།།གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ།།ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང




iiif viewer powered by OpenSeadragon

271b - 272b

Texts on this page

N750 - gsang ba'i snying po de kho na nyid nges pa