| | e-texts navigator
|
271b1 བདང་།གོས་པ་རིང་བའི་སྦྱིན་པའི་མཐར་དྲུག།དེ་ནས་དེ་བཞིན་གཤེགས་པ་ཐམས་ཀྱིས་འཁོར་བའི་སྤྱན་དང་།མྱ་ངན་ལས་འདས་པའི་ཡོནྟ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ལ་ཚྭ
271b2 བརྗོད་པ་འདི་བརྗེད།།ེ་མ་ཧོ།དཀྱིལ་འཁོར་བསམ་ཡས་པར།།སྙིང་པོ་བླ་མེད་ཇི་སྙེད་པའི།།གཞན་གྱིས་མི་འཕྲོགས་རང་བཞིན་རྒྱ་ལཾ།།མཐའ་དང་བྲལ་བས་བདག་མེད་པའོ།།དེ་ནས་དེ
271b3 བཞིན་གཤེགས་པ་ཐམས་ཅད་ཀྱི་ཆ་དུ་བརྗོད་པ་འདི་བརྗོད།།ེ་མ་ཧོ་ཇི་སྲིད་འཇིག་རྟེན་འཁྲུལ་པའི་ཆོས།།མ་རིག་རྟོག་པའི་གཟུང་འཛིན་གྱིས།།སྟོང་གི་འཇིག་རྟེན་བསམ་ཡས་པར།།ཕྱི་ནང
271b4 རྟེན་འབྲེལ་གཉིསུ་འཁོར།།རྟོག་པའི་བགྲ་ཆགས་སྟུག་པོ་ཡིན།།མི་མཐུན་བདེ་སྡུག་མྱོང་བར་འགྱུར།།དེ་ཉིད་ཇི་བཞིན་དབྱིངས་ཉིད་དང་།།རང་བཞིན་བདག་མེད་ཚུལ་གཅིག་སྟེ།།རང་བཞིན
271b5 ཉིད་ལ་ཉམས་པ་མེད།།ཡང་དག་སྒྱུ་མའི་ཚུལ་གི་ཉེ་སུ།བདག་དང་བདག་གི་གཞན་མེད།།དེ་ཉིད་ངོ་བོ་ཉིད་དབྱིངས་པས།།རྣམ་དག་དབྱིངས་ཉིད་ཚུལ་གཅིག།བདག་དང་བདག་གི
271b6 གཞན་རྣམས་ནི།།ལོག་པར་རྟོག་པོ་ཙམ་ཉིད་ལས།།ཕྲ་ཞིང་ཟབ་པ་ཡོད་མ་ཡིན།།ལོག་རྟོག་ཉིད་ལ་ཉིད་སྤྱོད།།གཞན་དུ་གཡོ་བ་ཅི་ཡང་མེད།།ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་།།
271b7 གཞི་རྩ་མེད་དེ་སྐད་ཅིག་མ།།རྣམ་པར་དག་པའི་དབྱིངས་ཉིད་ཚུལ།།ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར།།བདག་དང་གཞན་དང་རྟོག་པའི་རྒྱུན།།རྣམ་དག་བླ་མེད་ཐེག་པའི་མཆོག།ཐེག་པ་བཞི་ཡིས
iiif viewer powered by OpenSeadragon
271a - 272a