| | e-texts navigator
|
271a1 སྟོན་པའི་ཐུབ་པ་དུས་པནི་ཀུན་དུ་མཁྱེན་པ་དང་།ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཏུ་ཀུན་ཏུ་མཁྱེན་པ་དང་།རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་ཏུ་གཟིགས་པ་དང་།རྫུ་འཕྲུལ་གྱི་བསྠཱནྟ།
271a2 ཀྱིས་ཀུན་ཏུ་གསན་པ་དང་།།རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་།།ཟག་པ་མེད་པས་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མྱོངངོན་པར་ཤེས་པ་དྲུག་དང་།ཀུན་ཏུ་སྐུ་བསམ་གྱིས་མི
271a3 ཁྱབ་པ་དང་།ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་།ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་།ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ།བསམ་གྱིས་མི་ཁྱབ་པ་གྲངས་མེད།
271a4 བར་ཕྱོགས་བཅུར་སྣང་བར་གྱུར་ཏོ།།དེ་ལྟར་སྣང་བར་གྱུར་ནས་ཇི་སྙེད་པའི་ཐུབ་པ་ཆེན་པོ་སྙིང་རྗེའི་གོ་འཕང་ཆེན་པོ་ཐམས་ཅད་ཀྱང་འདི་ལྟ་སྟེ།འདུལ་བའི་དབང་གིས་ལྷ་དང་མིའི་ཐེག
271a5 པ་དང་།ཉན་ཐོས་ཀྱི་ཐེག་པ་དང་།རང་སངས་རྒྱས་ཀྱི་ཐེག་པ་དང་།བྱང་ཆུབ་སེམས་དཔའི་ཐེག་པ་དང་།བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང
271a6 ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངསོ།།གསུང་།།གསུང་བར་འགྱུར།།དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང
271a7 གི་རྟེན་ཅིང་འབྲེལ་པར་འབྱུང་བ་འཛིན་པ་འཁྲུལ་པ་ལ་དགོངས་པ་དང་།ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་།ལས་དང་ལས་ཀྱི་འབྲས་བུས་མི་གོས་པར་མི་འགྱུར
iiif viewer powered by OpenSeadragon
270b - 271b