| | e-texts navigator
|
270b1 དུ་ལྡན་པ་ས་སུ་རྒྱ་ཀྱི་ཤེས་ཆེན་བ་སྨོནན་སུ་མ་བད་པ་འདོ་ད།ན་ཏུ་དྲུག་ཤེགས་སྟོང་བྲོལས།།ང་གོནམ་གལས་ས་སྨྲས།། ནགས་ས་སུ་ད་ལ་སྟོ་དང་།།རྣས
270b2 དང་སྡུག་བསྔལ་ལ་སོགས་པ།།བདག་དང་བདག་གིས་སོ་སོར་འཛིན།།སྨྲས་ཀྱང་མི་འཆིང་བཅིངས་མེད།།བཅིང་བར་བྱ་བ་མེད་མ་ཡིན།།ནམ་རྟག་བདག་ཏུ་འཛིན་པ་ཡིན།།ནན་གྱི་ས་མ
270b3 མདུ་བ་ཟད་དེ།།བཅིངས་མེད་རྣམ་པར་གྲོལ་མེད་པའི།།ཡེ་ནས་རྒྱུན་རྫོགས་སངས་རྒྱས་ཆོས།།བསྟན་ཕྱི་སྤྲོབ་སྣ་ཚོགས་མཛོད་ཅེས་དེ་བཞིན་པཾ་ཤུགས་པ་ཉིད་ལ་ཆེ་དུ་།།གསང་དེའི་སྙིང་ས
270b4 དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེསུ་བསྐྱེད་པའི་ལེའུ་སྟེ་གསུམ་པའི།།།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ
270b5 བྱིན་གྱིས་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ།།བཏོན་ནས་ཀྱང་ལས་ཀྱི་དབང་གིས་སྣརེལ་གཞི་དང་།།ཡན་མན་གྱི
270b6 འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་རེ་རེར་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་གཞིས་འགྲོ་བ་ལྔའི་དོན་མཛད་བལྟམས་པ་དང་།
270b7 རབ་ཏུ་བྱུང་བ་དང་།དཀའ་ཐུབ་མཛད་པ་དང་།སངས་རྒྱས་པ་དང་།བདུད་བརྟུལ་བ་དང་།ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།ཚེ་འཕྲུལ་ཆེན་བསྟོན་པ་དང་།མྱ་ངན་ལས་འདས་པ་ལ་སོགས་པ།
iiif viewer powered by OpenSeadragon
270a - 271a