e-texts navigator
Collection
Volume
Page
Wylie

269b1 པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེ་དུ་བརྗོད་པ་འདི་བརྗོད།།ོཾ་མ་ཧོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི།།རྫོགས་པའི་སངས་རྒྱསྣ་ལྔ་རུ་གྲགས།།སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན།།བྱང་ཆུབ་སེམས་དཔའ།
269b2 དཀྱིལ་འཁོར་ཉིད།།ས་ཆུ་སྤྱན་དང་མཱ་མ་ཀཱི།།མེ་རླུང་གོས་དཀར་སྒྲོལ་མ་སྟེ།།ན་མཁའ་དབྱིངས་ཀྱི་དབང་ཕྱུག་མ།།སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་།།ཐམས་ཅད་མ་ལུས་ཆེས་ཅོག།སངས།
269b3 རྒྱས་ཉིད་ལས་གཞན་མ་ཡིན།།སངས་རྒྱས་ཉིད་ལས་གཞན་པའི་ཆོས།།སངས་རྒྱས་ཉིད་ཀྱིས་མི་རྙེད།།ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།།དེ་ནས་བཙུན་མོ
269b4 བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིསུ་མེད་པར་གྱུར་ནས་ཚེ་དུ་བརྗོད་པ་འདི་བཛྲོད།།ེ་མ་ཧོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ཤེས་དབེན།།སྲིད་པ
269b5 གསུམ་ཉིད་དག་པའི་ཞིང་།།སྙིགས་མ་ལྔ་ཉིད་བདེ་ལྡན་ནས།།ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།།ཐམས་ཅད་མཆོག་གི་སྙིང་པོ་བས།།གཞན་དུ་རྒྱལ་བས་ཆོས་མི་འཚལ།།ཉིད་ལས་གཞན
269b6 ཞེས་བྱ་བའི་ཆོས།།བཙལ་ཀྱང་རྒྱལ་བས་མི་རྙེ་དོ་ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས
269b7 གླེང་བ་སྒྲེང་བའི་འབྲུ་སྟེ་གཉིས་པའོ།།།དེ་ནས་གཉི་མེད་པའི་བདག་ཉིད་ཆེན་པོས་ཡེ་ཤེས་སངས་རྒྱས་པའོ་སེམས་ཡེ་ཤེསུ་བསྐྱེད་པ་འདི་གསུངསོ།།ེ་མ་ཧོ་ངོ་མཚར




iiif viewer powered by OpenSeadragon

269a - 270a

Texts on this page

N750 - gsang ba'i snying po de kho na nyid nges pa