e-texts navigator
Collection
Volume
Page
Wylie

268b1 པོ་ཆེན་མོ་རེག་པ་དང་།འཇམས་པ་ཆེན་པོ་རེག་བྱེད་དང་།འཇོམས་པ་ཆེན་པོ་རེག་ཤེས་དང་།བཙུན་མོ་རྟག་པར་མ་ཡིན་པ་དང་།ཆད་པར་མ་ཡིན་པ་དང་།བདག་ཏུ་མ་ཡིན་པ་དང་།མཚོན་མར་མ་ཡིན་པ
268b2 ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིསུ་མེད་པར་བཞུག་སོ།།དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཆགས་དང་།གཉིས་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད།།
268b3 སྐྲ་དང་།གསུང་དང་ཐུགས་དང་ཡོན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་།།ེ།ེ།ེ་མ་ཧོ།།དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དང་།དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རང་རང་སྣང་བ་ཉིད་ཏིང་འཛིན་གཟུགས
268b4 བརྙན་སྒྱུ་མ་རྣམ་དག་གསལ་བ་ནི་སྐུ་དང་གསུང་དང་ཐུགས་ཡོན་ཕྲིན་ལས་སེལ་མེད་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་མི་ཟད་པར་ལྡན་པ་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད།།ཞེས་རྡོ་རྗེ
268b5 གསང་བའི་ཚིག་ཏུའོ།།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།།དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ
268b6 ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས་བཙུན་མོ་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏེ་ཚ་དུ་བརྗོད་པ་འདི་བརྗོད་དོ།།ོཾ་ཆོས་ཀྱི་ཆོས་ཉིད་ཤེས་བྱའི་དབྱིངས།།ཀུན་ཏུ་བཟང་མོ
268b7 བདེ་བའི་ཡུམ།།མ་གཡོས་རང་བཞིན་དཀྱིལ་འཁོར་ནི།།བདག་ཡན་བདག་གི་སྤྱོད་ཡུལ་བ།།ཕྱག་རྒྱ་སྣ་ཚགས་སོ་སོར་གསལ།།ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ།མ་ཆགས




iiif viewer powered by OpenSeadragon

268a - 269a

Texts on this page

N750 - gsang ba'i snying po de kho na nyid nges pa