| | e-texts navigator
|
268a1 ཡེ་ཤེས་རིན་པོ་ཆེའི་ཕྱག་འབར་བ་ཅན།།སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་འདི་ལྟ་སྟེ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤློ།
268a2 པའི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་འདུ།
268a3 བྱེད་ཀྱི་རྒྱལ་པོ་དང་།དེ་དག་ཀུན་ཀྱང་མཐིང་ཀ་དང་།དཀར་པོ་དང་།སེར་པོ་དང་།ལེབ་རྒན་དང་།ལྗང་ཁུའི་མདོག་ཏུ་འཚེར་བ།བཙུན་མོ་དམ་པའི་སྣང་བའི་དབྱིངས་དང་།སྲ་བའི་དབྱིངས་དང་།
268a4 མཉེན་པའི་དབྱིངས་དང་།དྲོ་བའི་དབྱིངས་དང་།བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མེའི་ཚོགས་དང་གཉིསུ་མེད་པའི་ཆོས་ཀྱིས་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ།
268a5 དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུག་སོ།།དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་སྒོམ་པ་དང་།བྱང
268a6 ཆུབ་ཆེན་པ་རྡོ་རྗེ་མྱོང་བ་དང་།བཙུན་མོ་མཐོང་བར་བྱ་བ་དང་།མཉན་པར་བྱ་བ་དང་།བསྣམ་པར་བྱ་བ་དང་།མྱོང་བར་བྱ་བའི་ཚོ་གས་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་།བྱང་ཆུབ
268a7 ཚོན་པོ་རྡོ་རྗེ་ཐོས་བྱེད་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་བྱེད་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་།བཙུན་མོ་འདས་པ་དང་།ད་ལྟར་འབྱུང་བ་དང་།མེ་བྱིན་པའི་ཚོགས་དང་།འཛེམ
iiif viewer powered by OpenSeadragon
267b - 268b