e-texts navigator
Collection
Volume
Page
Wylie

20a1 གཟེར་བཟོད་དཀའ་ལྟར།།མ་རིག་འཁོར་བའི་སྡུག་སྔར་སྣང་།རྨི་ལམ་སྒྱུ་འཕྲུལ་མི་ཟད་པས།།ཤིན་ཏུ་ཉམ་ཐག་གདུངས་པའི་ཚེ།།འཆི་བདག་བདུད་ཀྱིས་ཟིན་འདྲ་ལ།།མགོན་བཙུན
20a2 གཞན་གྱིས་མི་ཕན་ཏ།།བདུད་སལ་རྩི་དང་འདྲ་བར་ནི།།ཡང་དག་ལམ་མཆོག་རྟོགས་པར་བྱ།།དུག་ནད་སྐྱོ་སངས་འབྱང་བ་ལ།།སྐད་ཅིག་མ་ལ་མི་བཟོད་ཅིང་།།སྨན་དང་སྨན་པའི་རྩོལ་བསྒྲུབས་པ།།
20a3 སངས་ནས་དེ་དག་མི་དམིགས་ལྟར།།འཁོར་བ་མི་དམིགས་འཁྲུལ་པ་ལ།།རྨི་ལམ་ནད་སེལ་བརྩོལ་སྒྲུབ་ལྟར།།སྒྲུབ་དང་ཏིང་འཛིན་རྩོལ་བྱེད་ཀྱང་།།འཁོར་བ་སྟེང་རྟོགས་ཉིད་བྱང་ཆུབ།།སྒྱུ་མ་རྒྱུ
20a4 འབྲས་མི་སླུ་བཞིན།།བླུན་རྨོངས་དེ་ལ་དེ་ལྟར་སྣང་།།མཉམ་ཉིད་རིག་པའི་རྩལ་ཅན་དག།འཁོར་བ་འཁྲུལ་པའི་ཚིག་ཙམ་དུ།།མ་ནོར་ལམ་རིག་བློ་ལ་གསལ།།དེ་ལ་རྩོལ་ཐོབ་རློམ་སེམས་མེད།།
20a5 སེམས་ཉིད་དོན་དང་མ་མཉམ་ནཱ།།ཚོ་གས་མཉམ་པས་དོན་མི་དཔོགས།།འཁྲུལ་འཁོར་མཉམ་ལས་མཱ་གཡོས་ཀྱང་།།ལོག་རྟོགས་སྒྱུ་མའི་ཚུལ་ཙམ་སྣང་།།སེམས་ཉིད་ཡེ་ས་དྱས་རིག་ནས།།
20a6 རིག་པའི་དོན་ལ་བརྩོན་སྦྱོར་ཞིང་།།རང་བྱུང་ཡོན་ཏན་རྩལ་བསྡུད་པ།།འཁྲུལ་པར་འབྲེལ་པ་ག་ལ་ཡིན།།བྱང་ཆུབ་སེམས་ལྡན་བསམ་རྫོགས་ནི།།ཡེ་ཤེས་མཆོག་ལྡན་མཉམ་ཉིད་སྲ
20a7 ཏིང་འཛིན་མཆོག་ལྡན་བླ་མོའི་དབང་།།དགེ་བསགས་མཆོག་ལྡན་ལུས་སྤྱོད་པའི།།བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ།།རྣམ་སྨིན་ཚུལ་གྱིས་འགྲུབ་མི་ལྟ།།བརྩལ་ནས་ཐོབ་པར་མི




iiif viewer powered by OpenSeadragon

19b - 20b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo