| | e-texts navigator
|
19b1 མ་འབྲང་ན།།མཉམ་འགྱུར་དུས་རྣམས་ག་ལ་དམིགས།།མཁའ་ལ་ངང་གིས་གཟུགས་མེད་ཕྱིར།།དམིགསུ་ཟིན་པར་མི་འགྱུར་བཞིན།།སེམས་ཀྱིས་མ་སྐྱེས་དོན་མི་དཔོགས།།སྐྱོན་དང་སྟོན་གཉིས
19b2 འབྱེད་པ།།རྟོགས་ནས་གཉིས་ཀྱི་དོན་སྤངས་ཏེ།།རང་བཞིན་མཉམ་པར་དོན་གཞག་ན།།བསྒོམ་ཞེས་མིང་དུ་བརྗོད་པར་ཟད།།གཉི་སུ་ལྟ་བ་མ་སྐྱེས་ཕྱིར།།གཉིས་ཀྱི་འདུ་ཤེས་ཙོ་བྱུང་ཡང་།།རང
19b3 བྱུང་ཞི་བ་མ་བཀག་ཆོས།།ཡེ་ནས་མ་བཅོས་དོན་གྱིས་གསལ།།མ་སྐྱེས་རྣམ་དག་བྱང་ཆུབ་སེམས།།མི་གནས་ཡེ་ཤེས་ཐུགས་དང་མཉམ།།རིག་དང་མ་རིག་ཁྱད་པར་ལས།།འཁོར་འདས་རྟེན
19b4 དང་འབྲེལ་པར་སྣང་།།རྣམ་རྟོག་མེད་ཕྱིར་ཞི་བ་མེད།།འཛིན་པར་མ་ཡིན་སྤྲོས་བྲལ་མིན།།དྲང་བའི་དོན་བསྟན་མ་གཏོགས་པར།།དོན་ལ་ཚིགས་བརྗོད་མེད།།སྣང་ཡང་མེད་པའི་རང་བཞིན་ལ།།ས།
19b5 བློ་ཡོད་པའི་སེམས་མི་འབྱུང་།།མཉམ་ཉིད་སྟོང་པའི་དོན་འདི་ལ།།དོན་ལྡན་སྟོང་པའི་སྒྲོ་མི་འདོགས།།མ་བཅོས་རང་བཞིན་ཞི་བ་ཡི།།མཚན་མའི་རྟོག་བྲལ་ཤེས་ལྡན་པས།།མདོ་ཙམ་དུའང་མི་དམི
19b6 ནདབྱུང་ཚོར་འཛིན་པར་ག་ལ་འགྱུར།།ཐམས་ཅད་མི་གནས་བྱང་ཆུབ་པས།།བརྩལ་ནས་གྲུབ་པ་མ་ཡིན་ཡང་།།སྒྱུ་མ་སངས་ནས་འཁྲུལ་བྲལ་བཞིན།།སྤྲོས་བྲལ་ཡེ་ཤེ་སྙིང་པོར་གནས།།འཁོར་བར
19b7 རྟོགས་པ་དུག་ཡིན་ཏེ།།འཁོར་བའི་སྡུག་བསྔལ་མི་ཤེས་ནི།།དུག་འཐུངས་བདེ་བ་ག་ལས་འོང་།།སྦྱར་ལེགས་དུག་ཉིད་སྨན་དུ་འགྱུར།།འཁོར་བའི་ལས་རྣམས་དེ་ལྟར་སྣང་།།འཁྲུལ་སྣང་དུག
iiif viewer powered by OpenSeadragon
19a - 20a