e-texts navigator
Collection
Volume
Page
Wylie

19a1 མཚན་མར་སྣང་།།ཤིན་ཏུ་སྐར་མ་རྒྱལ་རྣམས་ལ།།བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པའི།།དམ་པའི་དོན་ལ་ཆེར་དམིགས་པས།།གསང་མཆོག་རིག་པའི་དངོས་གྲུབ་མྱུར།།
19a2 མཚན་མར་མི་རྟོག་རང་བཞིན་གྱིས།།ཟབ་མོའི་དོན་ཆེན་གོ་བ་ནི།།ངེས་པའི་དོན་གྱིས་ཐག་བཅད།།མཉམ་པའི་དོན་ལ་ཡིད་ཆེས་བྱ།།ཇི་ལྟར་མཁའ་ལ་ཚིག་ཙམ་དུ།།དྲང་དུ་བརྗོད་པས
19a3 བརྗོད་བྱེད་ཀྱི།།བརྗོད་པའི་ཐ་སྙད་དང་བྲལ་བས།།ཇི་ལྟར་འཁྲིགས་ཀྱི་སྨིག་རྒྱུ་དག།སྣང་བ་ཉིད་ན་མེད་པ་ལྟར།།ཆོ་སོ་ཙགི་རིང་བཞིན་གསལ།།གསལ་བ་ཉིད་ན་དེ་མི་དམིགས།།
19a4 ཐབས་ཆེན་གཏིང་ཟབ་ཤེས་རབ་ལམ།།སྤྲོས་བྲལ་མཚན་མའི་འཕྲེང་ལས་འདས།།གཏོས་ཆེས་ཡངས་པས་ལམ་གཉིས་བྲལ།།དབུས་མཐའ་མི་དམིགས་མཉམ་པའི་ལམ།།གཅིག
19a5 ཏུ་མཉམ་པར་ཆུས་ནས་ནི།།ཡུལ་མེད་ཚོལ་བའི་སེམས་བྲལ་དེ།།བླང་དོར་གཉིས་ཀྱི་མཐའ་སྤངས་ནས།།གནས་པ་མེད་པའི་ཚུལ་གྱིས་གནས།།ཆོས་ཉིད་དབྱིངསུ་རོ་གཅིག་ཕྱིར།།
19a6 ཤེས་དང་ཤེས་བྱ་གཉིས་མེད།།ཡེ་ནས་ཤེས་ཉིད་ཆོས་ཤེས་ན།།ཆོས་ཉིད་གཞན་ནས་བཅོལ་ཅི་དགོས།།དཔེར་ན་སྒྱུ་མོའི་བདེ་སྡུག་ཀྱང་།།བསལ་ནས་གཱཉི་ག་མ་དམིགས
19a7 ལྟར།འཁོར་པོ་འགྱུར་བའི་བདེ་སྡུག་ཀྱང་།།མཉམ་པར་རང་བཞིན་དོན་གྱིས་མཉམ།།ཇི་ལྟར་དུས་རྣམས་ཐམས་ཅད་དག།མཉམ་པ་ཉི་དུ་རྟོགས་ནས་ནི།།སྒྲོས་ཚིག་རྗེ་སུ




iiif viewer powered by OpenSeadragon

18b - 19b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo