e-texts navigator
Collection
Volume
Page
Wylie

18b1 སྡིགས།།གསལ་བར་བྱེད་པའི་རང་བཞིན་ལ།།རྙོག་མེད་ལ་སོགས་བལྟས་གསལ་བ།།ཆུ་ལ་སོགས་པའི་རང་བཞིན་ཡིན།།དེ་ལ་ངོ་མཚར་ཆེ་མི་འབྱུང་།།སེམས་ཀྱི་ཆུ་གས་ལ་ན་མཁའ་ལ།།ཉན་མང་སྦྱིན།
18b2 ཀྱིས་རྙོག་མེད་ན།།དངོས་གྲུབ་ཉི་ཟླ་སྐད་ཚོགས་བཀྲམ།།སྒྲིབ་མེད་བྱིན་བརླབས་དང་གིས་འཆར།།ཀུན་བཞིན་མཁའི་སྙིང་པོ་དེ།།ཉོན་མོང་སྤྲིན་གྱིས་གཏིང་སྤུངས་པ།།ཤེས་རབ་རླུང་གིས་མ་གཏོ
18b3 གཞུ་མཁན་གྱི་སྤྱོ་འདྲི་ཡིས།།སྒྲིབ་བསལ་ཆོས་ཉིད་གསལ་འདོད་པ།།ཇི་ལྟར་ཆུས་ག་ཤེར་བྱིས་པ་དག།ཉི་མ་སྤྲིན་ལྡན་གྲིབ་མ་ཡིས།།ཤིན་ཏུ་སྒྲིབས་པར་གྱུར་པ་ན།།སྤྲིན་ཆེན་འདུས་པའི་ཕུང་པོ་ལ
18b4 ཁ་ཡི་དབུགས་ཀྱིས་དུས་བྱས་ནི།།སྤྲིན་གསལ་ཉིད་འོད་གསལ་འདོད་འདྲའོ།།དེ་ཕྱིར་རྣལ་འབྱོར་དབང་ཕྱུགས།།སེམས་ཉིདོན་ལ་རྣམ་བརྟགས་ཏེ།།ཀུན་བཞི་རྩ་བ་ཤེས་པར་བྱ།།སེམས་ཉིད་ལ
18b5 བལྟས་གསལ་བ།།རྩཝ་བོ་དང་ནི་གང་ལྡན་པ།།དུས་དང་ཚིག་དང་ལོར་གྱུར་ཡང་།།ཡལ་གོ་ལོ་འདབ་འབྲས་བུར་བསྐྲུན།།རྩ་བའི་ས་བོན་མེད་མི་འགྱུར།།ཅི་ལྟར་སྦྱོར་བའི་རྣལ་འབྱོར་རྣམས།ནན
18b6 གྱིས་མཚན་པའི་དངོས་གྲུབ་དག།བྱིས་པའི་སེམས་ཀྱིས་བླང་འདོད་ན།།དེ་ཡང་མཚན་མས་དེ་རངས་འགྱུར།།དཔེར་ན་མེ་ཡི་རང་བཞིན་དག།ས་དང་ནགས་ཆེ་ལ་སྲེག་བྱེད་པ།།རྒྱུ་རྣམས་ཚེར
18b7 པའི་བདེན་པ་ལས།།མེད་ལས་ཡོད་པའི་བདེན་པར་སྣང་།།དེ་ལྟར་མཚན་མའི་རྣལ་འབྱོར་ཡང་།།མཚན་མའི་ཆོ་འཕྲུལ་ཐོབ་འདོད་པ།།མཚན་མའི་རྒྱུ་རྣམས་ཚོགས་པ་ལས།།མཚན་མ་ར




iiif viewer powered by OpenSeadragon

18a - 19a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo