e-texts navigator
Collection
Volume
Page
Wylie

18a1 བདེ་ཚན་སངས་རྒྱས་ཐམས་ཅད་ལ།།དགོངས་པ་འདི་ལས་ཡོང་མེངྒལ།།སྣང་བ་ན་མཁའ་དི།།ཏིང་འཛིན་ཆེན་པོར་གནས་བཞིན་དུ།།འདི་ལས་བླུགས་ཏེ་ཅི་ཞིག་།།
18a2 རྒྱལ་བས་བརྩལ་ཀྱང་ཡོང་མི་རྙེད།།འདི་ལས་གཞན་དུ་གང་ཚོལ་བ།།བཅོལ་བ་ཉིད་ན་ཆི་ཆད་འགྱུར།།གཞན་ནམ་དམན་པའི་སྒོ་རྣམས་ནི།།ཏིང་འཛིན་མེད་པའི་ཆོས་ཉིད་ལ།།འཛིན་པའི
18a3 ཏིང་འཛིན་བཅུག་པས་ནོར།།དེ་དག་ལ་ནི་གང་སྤྱོད་རྣམས།།ཐེན་ཚེར་མིག་ནི་ན་མཁའ་ལ།།ཕྲ་རབ་ཐུན་ཐག་འཛུད་པ་ལྟར།།བྱིས་པ་ལས་གང་བྱེད་པ་དེ།།ཤེད་ཅན་དག་གིས་བྱར་མི་རུང་།།
18a4 ཤེད་ཅན་སྤྱོད་པའི་ན་མཁའ་དེ།།བེན་ཚེར་ན་མཁར་ཤོང་མི་འགྱུར།།དེ་བས་གཞན་ལ་སྟོན་པ་མིན།།བསྟན་ན་བྱིས་པ་གོ་ཆད་འགྱུར།།ཆོས་ཉིད་ན་མཁའ་ལྟ་བུའི་དངོས།།གསལ་བར།།
18a5 འོད་སྟོང་ཉི་མོས་འགྲུབ།།བྱིན་རླབས་འོད་ཀྱི་ཟེར་ཕྲེང་ཙམ།།སྒྱུ་མ་ལྟར་སྣང་མཚན་མར་ཐོབ།།མི་གཡོ་མཚན་མོད་རང་བཞིན་དངོས།།སྐྱེ་མེད་སེམས་ཀྱིས་མ་མཐོང་བ།།བྱིས་པ་འདྲིང་བཱི
18a6 རྩེད་མོར་སྣང་།།དངོས་གྲུབ་ཆེན་པའི་སེམས་ཉིད།།ཡིད་བཞིན་འབྱུང་བ་རིན་པོ་ཆེ།།ཇི་ལྟར་དམིགས་ཤིང་བསྒྱུར་བར་འགྱུར།།གྲུབ་པའི་དོན་ཆེན་ཐཾད་རྫོགས།།སེ་མོས་ཀྱིས་སེམས
18a7 ཀྱི་ཚུལ་མཐོང་ན།།དངོས་གྲུབ་ཅེས་དེ་དག་ལས་འོང་།།གང་གི་སྩོལ་ཏི་སུ་ཡིས་བླང་།།སྩལ་དང་སྩོལ་བར་བྱེད་མི་དམིགས།།དཔེར་ན་ཆུ་དང་མེ་ལོང་དང་།།མཁའ་དང་རལ་གྲྀ་ཤེལ་ལ




iiif viewer powered by OpenSeadragon

17b - 18b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo