| | e-texts navigator
|
17b1 མམན་ཨཿ། པ་ཐཐམཿས་ས་མམམས་མ་ཨམ་པ་ཐ.་མཐཿ།ཥསམ་ཅན།མ་ཐམམཐ་ས་མམམ་ཐམནཿ་ཐམམམ།མ་པཥ
17b2 སྟོར་བ་མེད།།བསྒོམ་ཚེ་སྣ་ཚོགས་ཅིར་སླར་ཡང་།།བསྒོམས་ནས་དེ་ཡི་ངང་མི་གནས།།དེ་བས་བྱིས་པའི་སྤྱོད་ཡུལ་ཡིན།།དཔེར་ན་བྱིས་པའི་རང་བཞིན་གྱིས།།ས་ལ་སོགས་པ་གཟུགསྣ་ཚོགས།།
17b3 མཛེས་པར་བྱས་ནས་སྐད་ཅིག་མཐོང་།།མཐོང་བ་ཉིད་ན་མ་གྲུབ་སྟེ།།སྐད་ཅིག་ཁེ་ནས་ཞིག་གྱུར་ནས།།ས་ལ་སོགས་པའི་རྡུལ་དུ་སྣང་།།དེ་བཞིན་རྣལ་འབྱོར་བྱིས་པ་ཡིས།།གཟུགས་ལ་སོགས་པ
17b4 སྣ་ཚོགས་བསྒོམ།།སེམས་ཀྱི་བྱེ་བྲག་སྐད་ཅིག་ལ།།ཡིད་ཀྱི་རྒྱུ་བ་སྣ་ཚོགས་འབྱུང་།།བྱུང་བ་བཞིན་དུ་དེ་མ་གྲུབ།།སེམས་ཀྱི་སྐད་ཅིག་དྲན་པ་ལ།།ཡིད་ཀྱིས་དམིགས་པ་རྒྱུན་ཆད་ནས།།བྱུང
17b5 ཆེར་ཆད་པི་མཐའ་སྤངས་ཏེ།།ཆོས་རྣམས་ན་མཁའ་ལྟ་བུར་ནི།།བརྗོད་མེད་རྒྱུན་མི་འཆད་པར་དམིགས།།དེ་དོན་ཕྱིན་ཅི་མ་ལོག་པར།།རྗེད་མེད་ཏིང་འཛིན་སྒོམ་པའི་མཆོག།ཅི་ཕྱིར་ཆོས་ཀྱི་དབྱིན།
17b6 ཉིད་ནི་ན་མཁའ་ལྟ་བུར་འདུས་མ་བྱས།།བསམ་དུ་མེད་པས་ན་མཁའདྲ།།བརྗོ་དུ་མེད་པས་གཟུགས་དང་བྲལ།།ཀུན་བཞི་ཀུན་ཏུ་ན་མཁའ་ལ།།ཡིད་ནི་མཁའ་ལ་ཉི་ཤར་འདྲ།།རྣམ་ཤེས་ཉོན
17b7 མོ་སྤྲིན་གྱིས་ཁེབས།།འདུ་བྱེད་རླུང་གིས་ཀུན་བསྐྱེད།།གསལ་དང་བྱུང་འཇུགས་ངས་དྲང་འགག།རྣམ་ཤེས་མཚན་མའི་རྟག་པ་ཡིས།།ཀུན་གཞི་ན་མཁའ་མཐོང་མི་སྦྱར།།ཀུན་གཞི་མཐོང
17b8 ཉིད་ཚེ་སྐུ་སྟེ།།འདི་དོན་ན་མཁོའམ་བརྗེད་པ།།ཏིང་འཛིན་ཆེན་པ་རྒྱུན་མི་འཆད།།གང་ཞིག་འདི་དོན་ཡིད་འཆང་བ།།གཟུགས་ཀྱི་དངོས་པོ་ཙོར་སྣང་ཡང་།།སེམས་ནི་ཡེ་ནས་མྱ་ངན་འདས
iiif viewer powered by OpenSeadragon
17a - 18a