e-texts navigator
Collection
Volume
Page
Wylie

17a1 སྒྲུབ་དང་རྩོལ་བ་ཅི་སྤྱད་ཀྱང་།།བྱིས་པ་དོན་མེད་ཀྱི་ནི་འཁྱམ།།བརྩལ་དུ་མེད་པའི་རང་བཞིན་ལ།།རྩོལ་བའི་སྤྱོད་པས་ཅི་ཞིག་བྱ།།འཛིན་པ་མེད་པའི་ཆོས་ཉིད་ལ།།ཚིག
17a2 ནོར་པའི་རྩོལ་བྱར་མེད།།བགྲ་དུ་མེད་པའི་ཆོས་ཉིད་ལ།།བགྲོད་པའི་དཀྱིལ་འཁོར་མིང་དང་བྲལ།།བསམ་དུ་མེད་པའི་ཆོས་ཉིད་ལ།།རྟོག་སེམས་བསམ་པའི་དམིགས་དང་བྲལ།།བརྟུལ་མེད
17a3 པ་ཡི་ཆོས་ཉིད་ལ།།བརྩལ་མེད་ཡེ་ནས་ལྷུན་གྱིས་གྲུབ།།མཐའ་དབུས་མེད་པས་བརྡུལ་བ་ཆེ།།ཕྱི་ནང་མེད་པས་ཡེ་གསལ་ཁྱབ།།སྐྱོན་ཡོན་མེད་པ་ལྷུན་གྱིས་རྫོགས།།བསྒྲུབ་དུ་མེད་པས
17a4 བརྩལ་སེམས་བྲལ།།གཟུང་དུ་མེད་པས་དམིགས་དང་བྲལ།།ཐམས་ཅད་མཁྱེན་པས་བྱིན་བརླབས་ཆེ།།གདོད་ནས་བྱང་ཆུབ་སྙིང་པོརརོ་གནས།།སྤྱོད་པའི་ཁྱད་པར་འདི་ལྟ་བུ།།དེས་ན་གཅིག
17a5 ལས་མེད་བཞིན་དུ།།སྤྱོད་འཐུན་རྩལ་བའི་རང་བཞིན་ལ།།རྣམ་རྟོག་སྤྱད་པ་སེར་སྣང་།།འཁྲུལ་པ་ཐ~ཾད་འཁོར་བར་སྤྱོད།།རྒྱུ་འབྲས་མི་སླུ་བདེན་དེན་སྤྱོད།།མི་དམིགས་པ་ལ་ན་མཁར་སྤྱོད
17a6 དེ་ལྟར་སྤྱོད་པ་ཀུན་སྤྱད་ཀྱང་།།དམ་པའི་དེན་དེ་སྤྱོད་མཆོག་ཉིད།།དམ་པར་གྱུར་པ་ཐ~ཾད་ལ།།དམ་པའི་སྤྱོད་པ་དེ་ལས་མེད།།སྐྱེས་བུ་མཆོ་གས་དེ་སྐད་བཤད།།ཐེ་ཚོམ་མེད་པར་ཤེས་པར་གྱིས
17a7 མ་སྤྱོད་བྱང་ཆུབ་དེ་བཞིན་ཉིད།།བསྒོམ་དུ་མེད་པའི་ཆོས་ཉིད་ལ།།བསྒོམ་པ་དམིགསུ་མེད་པ་སྟེ།།ཏིང་འཛིན་ཞེས་ནི་གོ་དག་སུ་མེད།།བསྒོམས་ཀྱང་རྙེད་པ་མ་ཡིན་ལ།།དེ་བཞིན་མ་སྒོམ




iiif viewer powered by OpenSeadragon

16b - 17b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo