| | e-texts navigator
|
170a1 བྲོ་གར་གླུ་ཚིག་ཆེན་མོས་ནི།།སྤྲད་ཅིང་གཏང་བར་བྱ་བ་སྟེ།།ཐམས་ཅད་ཐམས་ཅད་བྱེད་པ་ཡིན།།ལྗོན་པ་དང་ནི་ལྕུག་ཕྲན་ཚལ།།གདང་ཅིག་མ་དང་མེ་རེག་དང་།
170a2 དང་བའི་དགའ་བས་ཆགས་པ་དང་།།ཁྲོས་པས་ཀ་ལི་རབ་ཏུ་བྱ།།ཞེས་བརྗོད་པས།དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ།།གསང
170a3 བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།ལྷུན་གྱིས་གྲུབ་པའི་འཕྲིན་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་པའོ།།།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ
170a4 ཚེགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པོའི་གདངས་ཀྱིས་གླུ་འདི་བླངསཽ།།ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར།།འོད་ཟེར་ཉི་མ་འབུམ་གྱིས་གཟི།།ཁྲོ་གཉེར་གློག
170a5 སྟོང་འགྱུ་བ་བཞིན།།མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ།ཧཱུཾ་རྔམ་པའི་ང་རོའི་དྲུག་སྟེང་ལྡེརཾ།།གཏུམ་ཆེ་མ་རི་རབ་འབུམ་བསྙིལ་སྐད།། ཨ་ཧ་ལའི་ག་རྒྱངས་མཆེ།
170a6 དབྱུགས་པའི་འཐེར་རླུང་གཡེང་བ་ཆེ་ཧོཿ།ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ།།ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ།།འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས།།སྣ་ཚོགས་ཡེ
170a7 ཤེས་ཐིག་ལེ་ཆེ་ཧོཿ།ཧཱུཾ་ཁྲོ་བོའི་རྒྱལ་པོ་སྲིན་ཆེན་པོ།།ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས།།དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར།།སྣ་ཚོགས་ཁྲོས་པའི
iiif viewer powered by OpenSeadragon
169b - 170b