e-texts navigator
Collection
Volume
Page
Wylie

16b1 པའི་སེམས་ཉིད་ཀྱིས།།བསྲུང་བ་མེད་པའི་ངང་དུ་བསྡམ།།བསྲུང་མྱེད་ན་མཁའི་དམ་ཚིག་འདི།།ཇི་ལྟར་གྲགས་པའི་རང་བཞིན་ལ།།སྡོམ་དང་ཚུལ་ཁྲིམས་སཽར་སྣང་།།བྱིས་པ་རྣམས་ནི་ཐ་ཚིག་སྔོ།
16b2 བདེན་གཉིས་རྒྱུ་ལ་སྟོན་པར་གྲགས།།བླ་མེད་མཆོག་ལྔ་དམ་ཚིག་སྤྱོད།།གཅིག་དོན་ལས་མ་གཡོས་ཀྱང་།།འདུལ་དབང་ལ་སོ་སོར་གྲགས།།ཁོ་ན་ཉིད་ལྡན་དོམ་ཚིག་མཆོག།དེ་དང་གང།།
16b3 ལྡན་དམ་པ་སྟེ།།དེ་ལས་འདིས་ན་ཚིག་པར་འགྱུར།།དེ་ཕྱིར་དམ་ཚིག་ཆེན་པོ་ནི།།ན་མཁ་འདྲ་བར་དཔའ་བོས་བཤད།།རྒྱལ་བ་དཔའ་བོ་ཐ~ཾད་ལ།།དམ་ཚིག་འདི་ལས་ཡོད་མིང་འ།།སྤྱོད
16b4 པ་དག་གི་ཁྱད་པར་ཡང་།།ཆོས་ཉིད་བྱ་བ་རྩོལ་ཀུན་བྲལ་ལོ།།བསྒྲུབ་དང་བསྒྲུབ་པའི་དམིགས་པ་མེད།།འཁྲུལ་པ་གཅོད་པའི་སྐྱེ་བོ་དག།དམིགས་མེད་བྱང་ཆུབ་བདེ་ཆེན་ལ།།སྡུག་བསྔལ
16b5 རྩོལ་སེམས་བཅུག་པས་ནོར།།བྱ་བ་མེད་པའི་ཆོས་ཉིད་ལས།།ཉོན་མོངས་བྱ་མེད་སྤྱད་པས་འཁྲུལ།།རང་བྱུང་ལྷུན་གྲུབ་གནས་བཞིན་དུ།།བྱིས་པའི་སྤྱོད་པས་ཅི་བཙལ་དགོས།།གང་ཞིག
16b6 འདོད་ཅི་ཞིག་སྒྲུག།ཅི་སྤྱད་ཅི་བསྒྲུབས་ཅི་བརྩིལ་ཡང་།།སྡུག་བསྔལ་ཉིད་བྱང་ཆུབ་མེང་།།དམྱལ་བ་སངས་རྒྱས་ཆེན་པོ་ལ།།སྡུག་བསྔལ་བྱང་ཆུབ་ལོ་མོ་ཉིད།།ཉན་ཐོས་རང་རྒལ་ས་དི
16b7 ཐེག་པའི་ཁྱད་པར་ཅི་བསྟན་པ།།བྱེད་བརྩོལ་བཅས་པ་ཐམས་ཅད་འཁྲུལ།།བླ་མེད་བྱང་ཆུབ་གགསུ་ཆེ།།གང་ཞིག་བརྩལ་མེད་བདེ་ཆེན་དོ་ནི།།སེམས་ཀྱི་ཀོང་འདིས་མ་མཐོང་ན།།




iiif viewer powered by OpenSeadragon

16a - 17a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo