| | e-texts navigator
|
16a1 མཁའ་བཞིན་གནས་པར།།རྣལ་འབྱོར་ཅན་གྱིས་ལྟ་བར་བྱ།།དེ་ལྟ་བུ་ཡི་སེམས་ཉིད་ནི།།རྟོག་དང་མ་རྟོགས་རང་བཞིན་ལ།།ལྟ་བའི་ཁྱད་པར་སོར་བལྟ།།རྟོག་པ་ཅན་གྱི
16a2 ག་ལང་རྟོག་པ་འཁྲུལ་པའི་ངོ་བོར་སྣང་།།ཀུན་ཏུ་ཉེ་རོ་འཇོག་ལ་མཚོར་ལ།།ཀུན་ཏུ་རྡུལ་གྱི་ཕུང་པོར་སྣང་།།ཚོགས་སྤྱོད་སྙིང་རྗེ་ཉེར་འཇོག་ལ།།ཐམས་ཅད་སྒྱུ་མའི་རང་བཞིན་ལྟར།།དེ་ཉིད
16a3 མཉམ་པར་ཤེས་གནས་ན།།ན་མཁའི་རང་བཞིན་མཐོང་བར་གནས།།ཡེ་ཤེས་རང་སྣང་ན་མཁའ་ལ།།ནམ་མཁའ་ཉི་དུ་སྣང་བར་ཟད།།བརྗོད་བྲལ་མཐོང་མེད་དྲི་མིགས་དང་བྲལ།།མཐོང་བ
16a4 མེད་པའི་དོན་འདི་ནི།།སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཤད།།བདེ་གཤེགས་སྙིང་པོ་བྱང་ཆུབ་ལ།།དགོངས་པ་འདི་ལས་གང་མིངའ།།ལྟ་བ་དེ་དང་ལྡན་བཞིན་དུ།།དམ་ཚིག་ན་མཁའ་ལྟེ
16a5 བུ་ལད་དང་སྲུང་དང་མི་བསྲུང་ཕྱོགས་དང་བྲལ།།འདིའོ་ཞེས་ནི་བསྲུང་དུ་མེད།།བསྲུང་བའི་རྣམ་གྲངས་ཇི་སྙེད་ཅིག།དུས་གསུམ་རྒྱལ་བས་གསུངས་མོད་ཀྱང་།།བསྲུང་བའི་མདོ་ནི་གཅིག་ཏུ
16a6 འདུས་དངན་མཁའ་ལྟ་བུའི་རྣལ་འབྱོར་པས།།ན་མཁའ་དྲ་བའི་དམ་ཚིག་བསྲུང་།།དེ་ཡང་བསྲུང་དུ་མེད་ན་བདེ།།གཞན་པ་ཐེག་པ་ཆུང་བ་རྣམས།།བསྲུང་བའི་མཚམས་དག་བསྲུངས་ནས
16a7 ནི།སྐྱོན་ཡོན་ཆོས་ལ་བླང་དོར་བྱེད།།བསྲུང་དང་བྲལ་བའི་ཆོས་རྣམས་ནི།།བསྲུང་དུ་མེད་པས་དེ་བཞིན་གཞག།དེ་བཞིན་པ་ཡི་དམ་ཚིག་ལ།།ཇི་བཞིན་པ་ཡི་བློ་གཞག་སྟེ།།རྗེད་པ་མེད
iiif viewer powered by OpenSeadragon
15b - 16b