e-texts navigator
Collection
Volume
Page
Wylie

169b1 རྣལ་འབྱོར་སྔགས་འཆང་གི།ཇི་ལྟར་བཅོལ་བ་བཞིན་དུ་བྱོས།།ལས་དེ་སྔོན་དུ་མ་བྱས་ན།།རང་གིས་ཁས་བླངས་མནས་པོར་བཞིན།།རུལ་མྱགས་ཚིག་ནས་དམྱལ་བར་འགྲོ།རྣལ
169b2 འབྱོར་དམ་ལ་གནས་གྱུར་པའི།།ལས་རྣམས་ཡོངསུ་བྱ་བ་དང་།།འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས།།ཕྲ་མེན་མ་ཡང་དངོས་གྲུབ་ཐོབ།།བཅོལ་བའི་ལས་རྣམས་མངོན་དུ་བྱས།།
169b3 ཞེས་བསྒོའོ།།ཁྲོ་བོབི་སྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིནོ།།ཁྲག་འཐུང་ཆེན་པོ་ལ་སོགས་པའི།།བྲོ་གར་གླུ་ཚིག་ཆེན་པོ་ཡིས།།ཐམས་ཅད་ཐམས་ཅད་ཅི་འདོད་པར།།ཐམས
169b4 ཅད་ཐམས་ཅད་བྱེད་པ་ཡིན།།མཛོད་ལྷ་ཆེན་པོ་ལ་སོགས་པའི།།བྲོ་གར་གླུ་ཚིག་ཆེན་པོས་ནི།།ཐམས་ཅད་ཀུནྡ་ལ་ཟ་བར་བྱེད།།རྡུལ་ཆ་ཙམ་ཡང་མེད་པར་བྱེད།།འདུ་དར
169b5 འདོད་ན་འདུ་བར་བྱེད།།འཕེལ་བར་འདོད་ན་འཕེལ་བར་བྱེད།།སྦོས་མོ་ཆེན་མོ་ལ་སོགས་པའི།།བྲོ་གར་གླུ་ཚིག་ཆེན་པོས་ན།།ལྷན་ནེར་འདོད་ན་ལྷན་ནེར་བྱེད།།རྨུགས
169b6 པར་འདོད་ན་རྨུགས་པར་བྱེད།།སེང་གདོང་ཆེན་མོ་ལཱ་སོགས་པའོ།།བྲོ་གར་གྲུ་ཚིག་ཆེན་མོས་ནཱི།།ཐམས་ཅད་ཀུན་ལ་ཟ་བར་བྱེད།།རྡུལ་ཆ་ཙམ་ཡང་མེད་པར་བྱེད།།
169b7 གཞདང་གདོང་ཆེན་པོ་ལ་སོགས་པའི།།བྲོ་གར་གྲུ་ཚིག་ཆེན་མོས་ནི།།ཐམས་ཅད་ཀུན་ལ་འབྱིན་པར་བྱེད།།ཀུན་ལ་རབ་ཏུ་ཉམ་པར་བྱེད།།སླས་དང་བྱེ་མོ་བྲན་མོ་ཡི།།




iiif viewer powered by OpenSeadragon

169a - 170a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa