| | e-texts navigator
|
169a1 ཚོགས་ཀྱི་དཀྱིས་འཁོར་མཆོག།གསལ་བའི་གཟི་བརྗོད་འཚོར་བ་ལ།།དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ།།གཏུམ་པོ་རྔམ་པོ་ལྷུན་ནེར་འགྱུར།།འདུད།
169a2 རྩི་ལྔ་འམ་ཟས་ལྔ་ལ།།གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག།ལྷན་ནེར་གསལ་བའི་ཕུར་པས་གདབ།།འབར་བ་ལྷན་ནེའི་ཚོགསུ་དབུལ།།ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར
169a3 དུ།།ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས།།འབར་བ་ལྷ་ནོའི་བྱིན་གྱིས་ཁྱབ།།ཐམས་ཅད་བཡོ་བ་མེད་པར་བྱེད།།སླས་དང་བྱི་མོ་དྲན་མོའི་ཚོགས།།ལྷག་མའི་མཆོད
169a4 སྦྱིན་འདོད་པ་སྦྱིན།།རང་གི་དམ་ཚིག་རང་བསྒྲགས་ན།།གང་འདོད་ལས་དེ་བྱེད་པར་བསྒོ།།སྔོན་ཚེ་དཔལ་ཆེན་ཧེ་རུ་ཀཾ།ཤིན་ཏུ་གདུག་ཅིང་གཏུམ་དགབ་ཅན།།
169a5 ཐམས་ཅད་མོ་ལུས་འདུལ་མཛད་པའི།།དབང་དང་བྱིན་རླབས་རྨད་པོ་ཆེ།།ལྷ་ཆེན་ལ་སོགས་དབང་བསྡུས་ནས།།འཁོར་རྣམས་དབང་ཕྱུག་སླ་སུ་བྱས།།སོ་སོ
169a6 ལས་རྣམས་བསྐོས་པ་དེ།།ཇི་ལྟར་ཁས་བླངས་དམ་བཅས་པ།།མ་ཐོགས་མྱུར་དུ་མངོན་པར་ཕྱུང་།།དམ་བཅས་བཞིན་དུ་མ་བྱས་ན།།ཇི་ལྟར་རང་གི་མནས་བོར
169a7 བའི།།སྡོམ་བྱས་དེ་ལ་འདའ་མ་བྱེད།།སྡོམ་བྱས་དེ་ལས་འདས་གྱུར་ན།།མགོ་ལུས་སྙིང་ཡང་ཚལ་པ་བདུན།།ཡཀྵ་ཁྲོ་བོས་གཏུབས་པར་འགྱུར།།དེ་བས
iiif viewer powered by OpenSeadragon
168b - 169b