| | e-texts navigator
|
168b1 ལྔ་ལ།།མཚན་མ་མིང་དུ་བཅས་པ་བྱ།།བཀུག་ནས་རྡོ་རྗེ་ཕུར་པས་གདབ།།རྡུལ་དུ་བྱས་ནས་ཚེགས་ལ་དབུལ།།ེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།།ལུ་གུ་རྒྱུད་དུ་སྦྲེལ་བསྡམས
168b2 ནས།།བཅིངས་འགྱུར་བསྐྱོད་ན་ཕྱོགས་བཅུར་གཡོ།།མྱོས་ནས་གལ་ཏེ་འཚིག་པར་འགྱུར།།བི་གྱི་ཚེགས་ཀྱི་དཀྱིལ་འཁོར་མཆོག།འབར་བའི་གཟི་ཆེན་ལྷུན་ཆེན་ལེ།།
168b3 ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།།རྡོ་རྗེ་གསུང་ཡང་དབང་དུ་འགྱུར།།བདུད་རྩི་ལྔ་འམ་ཟས་ལྔ་ལ།།མཚན་མ་མིང་དུ་བཅས་པ་བྱས།།རྡོ་རྗེ་ཆགས་པའི་ཕུར་པས་གདག
168b4 ཆགས་པའི་ཚོགས་ལ་ཐིམ་པོར་འབུལ།།བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།།ལུ་གུ་རྒྱུད་དུ་སྦྲེལ་གདམས་ནས།།འགུགས་འགྱུར་རྡོ་རྗེའང་ཕྱི་བཞིན་འབྲང་།།ཅི་འདོད་དེ་བཞིན
168b5 འོང་བར་འགྱུར།།མ་ཡི་ཚེགས་ཀྱི་དཀྱིལ་འཁོར་མཆོག།འབར་བའི་འདུ་འཕྲོ་གཟི་བྱིན་ལ།།དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ།།ཡོན་ཏན་ན་མཁའི་མཐའ་དང་མཉམ།།
168b6 བདུད་རྩི་ལྔ་འམ་ཟས་ལྔ་ལ།།མཚན་མིའི་མིང་དུ་བཅས་པར་བྱ།།ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག།ང་རྒྱལ་དགའ་འཕྲོའོ་ཕུར་པས་གདག།རྡོ་རྗེ་གཟི་བྱིན་འབར་བར
168b7 འགྱུར།།མིའི་ཚོགས་ཀྱི་དཀྱིལ་འཁོར་དུ།།ལུ་གུ་རྒྱུད་དུ་སྒྲོལ་བསྡམས་ནས།།གཟི་བྱིན་འབར་བའི་འཕྲུལ་ཚན་འཕྲོ།།ཡིད་བཞིན་ན་མཁའ་གང་བར་འགྱུར།།ཡ་ཡི
iiif viewer powered by OpenSeadragon
168a - 169a