| | e-texts navigator
|
167a1 ཁོ་ན་ཉིད་ངེས་པ་ལས་མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དོན་ཡོད་པར་བྱ་བ
167a2 ཕྱིར་དམ་ཚིག་ཆེན་པོ་འདི་བརྗོད་དོ།།བླ་མེད་ཐེག་པ་རབ་ངེས་ན།།ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་།།བྱས་ལ་མི་སོག་ཚོགས་འགྱུར་ཏེ།།ཚུལ་ཁྲིམས་སྡོམ་པ་ཕུན
167a3 སུམ་ཚོགས།།བླ་མེད་མཆོག་གི་དམ་ཚིག་ཏུ།།འདུལ་བའི་དབང་གིས་ཚུལ་ཁྲིམས་དང་།།ཇི་སྙེད་སྡོམ་པ་བསམ་ཡས་པ།།མ་ལུས་ཀུན་འདུས་རྣམ་པར་དག།ཡོད
167a4 མེད་དབུ་མའང་མི་དམིགས་ཤིང་།།སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ།།སྲོག་མེད་སྲོག་གཅོད་གཅད་དུ་མེད།།སྲོག་ཀྱང་སྐྱེས་བུའི་ལོག་རྟོགས་ཙམ།།བདེན་པ་གཉིས་ཀར
167a5 དབྱེར་མེད་པས།།འཕྲུལར་བྱའི་ཚུལ་ཏེ་ཊཱི་རྙེད་མེད།།གཞན་དང་མ་བྱིན་མེད་པའི་ཕྱིར།།བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།།ཆོས་རྣམས་སྒྱུ་མ་ལྟ་བུ་ལ།།མིང་དང་ཚིག
167a6 ཏུ་བརྟགས་པརྫུན།།བརྫུན་ཉིད་ལ་ནི་རྫུན་སྤྱོད་པ།།བརྫུན་ཞེས་བརྟགས་ཙམ་ཡོད་མ་ཡིན།།མ་ཆག་པ་ལ་ཆགས་པོ་དང་།།ཆགས་པ་ཉིད་ལ་ཆགས་པ་མེད།།དེ་ནི
167a7 ཚངས་མཆོག་རྒྱལ་པོ་ཡིན།།ཤིན་ཏུ་ཚོགས་པ་ཆེན་པོ་ཡིན།།བླ་མ་མི་སྤང་བླ་མ་བཀུར།།བསྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།།ཡང་དག་ལམ་དུ་ཞུགས་ལ་བྱམས
iiif viewer powered by OpenSeadragon
166b - 167b