| | e-texts navigator
|
166b1 ལོག་རྒྱུ་དང་།།ཅི་བགྱི་ཞེས་ནི་ཆས་ཏེ་གནས།།ཞེས་བརྗོད་པས།འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་དུ་གསལ་བར་གྱུར་ཏོ།།གསང་བའི
166b2 སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་མཉེས་པའི་མཆོད་པ་ཆེན་པོ
166b3 འདི་ཆེད་དུ་བརྗོད་དོ།།དེ་ལ་མཆོད་སྦྱིན་དམ་པ་འདི།།ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ།།དེ་ནས་གཉིས་མེད་བློ་ཡིས་ནི།།བློ་ངན་འཇིག་རྟེན་སྙིང་རེ་རྗེ།།གཉིསུ་མེད་པར
166b4 བསྒྲལ་བར་བྱ།།འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས།།བདག་ཉིད་མཉེས་པས་མཉེས་པར་བྱ།།མཉམ་པའི་གྲུབ་རྫས་ཆེན་པོ་དག།བདག་དང་མཉམ་པའི་ཚོགས་ལ་དབུལ།།
166b5 མཟེའ་དང་བཅའ་དང་བཏུང་དང་བགོ།ལོང་སྤྱོད་ལྔ་ལྡན་ཐམས་ཅད་ནི།།དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ།།ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།།བདེ་གཤེགས་ཡོན་ཏན་རྨད
166b6 པོ་ཆེ།།གཞན་ནས་ཡོད་འོངས་མ་ཡིན་ཏེ།།ལྷ་སྲིན་ལ་སོགས་སྨོས་ཅི་དགོས།།རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས།།ཕྱག་རྒྱ་ཆེན་པོར་རྫོགས་གྱུར་ཅིག།གསལ་བ་ཡིད་གཉིས
166b7 མེད་པ་ན།།དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར།།ཞེས་བརྗོད་པས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ།།གསང་བའི་སྙིང་པོ་དེ
iiif viewer powered by OpenSeadragon
166a - 167a