e-texts navigator
Collection
Volume
Page
Wylie

166a1 གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་ཟ་ཚོགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།།།།དེ་ནས་བཅོམ
166a2 ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད།།འབར་བའི་འཁོར་ལོ་རྩིབས་བཞི་པ།།གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན
166a3 གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།།འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།།ཐོད་སྦྲུལ་ལ་སོགས་ཉི་མས་བརྗིད།།འབར་བའི་འཕྲོ་བ་མང་པོས་འཁྲུག།ཁྱུ་མཆོག་མ
166a4 ཧཾ་གཟིགས་དང་རྟག།གཏུམ་པ་དོམ་གྱི་སྦར་བ་ཡིས།།དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང་།།སྤུག་ནག་སྤྱོ་ནག་སེར་ནག་དང་།།དམར་ནག་ལྡང་ནག་འཇིགས་པའི་སྐུ
166a5 དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།།ཀོ་རློན་གོས་ནི་སྣ་ཚོགས་གྱོན།།རྔམ་པའི་སྒྲ་སྐད་འཇིགས་པར་སྒྲོགས།།སྦྲུལ་དང་ཐོད་ཕྲེང་ཉི་ཟླར་བཅས།།སྟོང་གི་འཇིག
166a6 རྟེན་ཁོར་ཡུག་བཅས།།རྡོ་རྗེ་དུང་ཆེན་གང་བ་དང་།།རལ་གྲི་སྤྱི་སྟ་གཤོལ་ལ་སོགས།།རང་གི་ལག་ཆ་སྣ་ཚོགས་བསྣམས།།བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ།
166a7 གནས་དང་ཡུལ་གྱི་ཕྱག་རྒྱ་དང་།།སྒོ་བཞི་ཕྱག་རྒྱ་རབ་མཛེས་ཤིང་།།སླས་དང་བྱི་མོ་བྲན་མོའི་ཚོགས།།བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས།།རང་གི་བསྟན་དང་།




iiif viewer powered by OpenSeadragon

165b - 166b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa