e-texts navigator
Collection
Volume
Page
Wylie

164b1 འབང་སུ་ནན་ཏན་མ་བགྱིས་ན།མགོ་དང་ལུས་ནི་བརྒྱར་འགས་ཤིང་།།སྟོང་ཡང་འགས་ཤིང་གཏུངས་འགྱུར་ཅིང་།།རུལ་མྱགས་ཚིག་ནས་བརླག་པ་དང་།དམྱལ་བར་ལྷུང་ནས་འང
164b2 པར་ཤོག།ཅེས་འབང་སུ་མཆི་བར་མནས་བོར་ནས་དཀྱིལ་འཁོར་གྱི་གདན་དུ་བཞགོ།ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ།བདག་ཅག་རྣམས་ཀྱི་མཆིས་བྲང་དང་།མ་དང་སྤྲིང
164b3 མོདྲོའོ་རྣམས།།དཀྱིལ་འཁོར་ཆེན་པོར་བཞེས་གསོལ།།དཔའ་བོ་ལྟ་ཧཱུཾ་ས་ག་ཞེས་གསོལ།།བདུག་ཅག་སོ་སོའི་འཁོར་བརྗེས་ཀྱིས།།ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི།།མིང
164b4 ཙམ་འཛིན་པར་བྱེད་པ་ཡང་།།གཙུག་གི་ནོར་བུ་འབར་བ་ལྟར།།ག་ཡི་རྒྱུ་མེད་ཅིང་གུས་ལྡན་པའི།།སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི།།གཙུག་ཏུ་བཞུག་ཏེ་དཀུར་བར་བྱ།།དེ་མི
164b5 དགོས་པ་ཅི་ཡང་རུང་།།མ་ལུས་རྫོགས་པར་བདག་ཅག་སྒྲུབ།གལ་ཏེ་དཔའ་བའི་སྤྱན་སྡེ་འདིར།།སྨྲས་པ་བཞིན་དུ་མ་བགྱིས་ནོ།།བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།།བཀས
164b6 གཏུབས་དུམ་བུར་རུལ་བར་འཆི།།ཞེས་སྨྲས།།དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་།སྲིང་མོ་དང་མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས
164b7 ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ།བདག་ཅག་འཁོར་བཅོས་ཐམས་ཅད་ཀུན།།དཔའ་བོ་ཆེན་པོའི་འབང་སུ་མཆི།།དཔལ་པོ་ཆེན་པོ་བདག་ཅག་རྣམས།།ལས་ཀྱི་རྔ




iiif viewer powered by OpenSeadragon

164a - 165a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa