e-texts navigator
Collection
Volume
Page
Wylie

163b1 དང་།མཆོགས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཛིན་ཏོ།།མཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར
163b2 འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ།།དེ་ནས་དགྱེས་ཏེ་ཧྱེ་ཧཾ་ཞེས་ཟླས་སེང་གདོང་ཆེན་མོའི་ཚོགས་དང་།སྟག་གདོང་ཆེན་མོའི་ཚོགས
163b3 དང་།ཝ་གདོང་ཆེན་མོའི་ཚོགས་དང་།ཁྱི་གདོང་ཆེན་མོའི་ཚོགས་དང་།གཞང་གདོང་ཆེན་མོའི་ཚོགས་དང་།ཀང་ཀཱའི་གདོང་ཆེན་མོའི་ཚོགས་དང་།དུར་བྱའི་གདོད་ཆེན་མོ
163b4 ཚོགས་དང་།འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བྱས་ནས།འཐོན་པར་གྱུར་ཏོ།།འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ
163b5 ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ།།དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་བཱར་བྱས་ནུས་ཕཊ་ཅེས་བརྗོད་པས།
163b6 རྡོ་རྗེ་སྲིད་འཕྲོ་མའི་ཚོགས་དང་།རྡོ་རྗེ་གདོང་མོའི་ཚོགས་དང་།རྡོ་རྗེ་འཇིག་རྟེན་མའི་རྫོགས་དང་།རྡོ་རྗེ་རོ་ལངསྔ་མའི་ཚོགས་དང་།རང་རང་གི་ལུག་ཆ་དང་ངོ་མཚར་དུ་ཆོས
163b7 ནས་འཐོན་པར་གྱུར་ཏོ།།འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནསོ།།དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས




iiif viewer powered by OpenSeadragon

163a - 164a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa