| | e-texts navigator
|
162b1 དང་འཇུག་སྲེད་མེ་དང་།གཞོ་ནུ་མ་དང་།དམར་མོ་དང་།བདུད་རྩི་མོ་དང་།ཞི་བ་མོ་དང་།བོ་ཆེན་མོ་དང་།སྲིན་མོ་དང་།ཟ་བ་མོ་དང་།དགའ་མོ་དང་།ར་ར་ཁྲག་འཐུང་མྱོས་པ་དང་།གཅིག
162b2 བུ་སྤྱོད་མ་དང་།ཡིད་འཕྲོག་མོ་དང་།གྲུབ་མོ་དང་།རླུང་པོ་དང་།གསོད་བྱེད་མོ་དང་།མེ་མོ་དང་།བག་མཾ་དང་།རྒན་བྱེད་མོ་དང་།སྣ་ཚད་མེ་དང་།ཆུ་ལྷ་མེ་དང་།ནག་མོ
162b3 ཆེན་མོ་དང་།ར་མགོ་དམར་ཆེན་མ་དང་།བུམ་སྣ་སྡེ་ནག་མོ་དང་།གསུས་སོར་ནག་ཆེན་མོ་ལ་སོགས་པ་བྲན་དང་།གཡོག་དང་།ཡང་གཡོག་དང་།འཁོར་ཞིང་གི་རྡུལ
162b4 སྙེད་བསྡུསོ།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་ངུར་བྱས་ནས།དེ་དགས
162b5 པར་རོལ་པའི་དཀྱིལ་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་།གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་།།ོཾ་ཧཱུ~ཾ་ཨཿབཛྲ་པྲ་བི་ཤ
162b6 ཨཱ་ལ་ལ་ཧོ་ཞེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནུས་པྲཱདྷཱའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས།དཔེར་ན་ཁབ་ལེན་ལ་ལྷག་འདུ
162b7 བའི་ཚུང་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོའི་མཚན་མིའི་སྲིན་མོ་དང་།དམར་མོ་དང་།དགའ་བ་མོ་དང་།གསོད་བྱེད་མོ
iiif viewer powered by OpenSeadragon
162a - 163a