e-texts navigator
Collection
Volume
Page
Wylie

162a1 །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས།།དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པོའི་སེམས་ཀྱིས
162a2 གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ནས།མགྲིན་གཅིག་ཏུ་གདུག་པའི་ང་རོས་གླེང་བའི་གཏུམ་ཚིག་ཏུ་སྨྲས་པ།ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས
162a3 འཛེར་ཅིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་རྔ་མོ།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་ནས།ཐུགས་རྗེས་འདུལ
162a4 བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་རྔམ་པའི་སྐད་ཀྱིས།ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ།ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས།དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོ་དེ
162a5 དག་གི་སྙིང་དང་དབང་པོ་ཀུན་ཕྱུང་།ནང་ཁྲོལ་ཀུན་དྲངས།ཡན་ལག་ཀུན་བཅད་གཏུབས་ནས་ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཚེ་སོ།།དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་བྷྱོ་ཨེ་ཨཱ་ར་ལི་ཛ་ཛ
162a6 ཞེས་བརྗོད་པས།ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་མཁའ་དང་བཅས་པར་ཡུངས་འབྲུ་གཅིག་ཙམ་གྱི་ནང་དུ་ཆུད་པར་བསྡུསོ།།དེ་ནས་འབྱུང་བ་མ་ལུས་པའི་རྒྱལ་པོའི
162a7 ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ་སྲིན་མོ་ཆེན་མོ་མོའི་སྲིན་མོ་དང་།ཚངས་མ་དང་།འཁྲག་མོ་དང་།དབང་མ




iiif viewer powered by OpenSeadragon

161b - 162b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa