e-texts navigator
Collection
Volume
Page
Wylie

161b1 ཆེ་བ་དང་།མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐུ
161b2 བུང་ཞེས་བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་།སྐུ་སྨུག་གནག་ཅིར་ཡང་འགྱུར་བ།དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙད་མཚན་ཆ་སྣ་ཚོགས་འཛིན་པ་ད་དབུ་གསུ
161b3 ཕྱག་དྲུག་ཞབས་བཞིར་གྱུར་ཏེ།དུར་ཀློད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀིང་རུས་ཆེན་པོའི་རི་རབ་ཀྱི་སྟེང་།འབར་བ་ཆེན་པོའི་འཁོར་ལོའི་དཀྱིལ་ན་དབང་ཕྱུག
161b4 ཆེན་པོ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུག་སོ།།ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི་ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང
161b5 ཆེན་པོར་གྱུར་ཏེ།ཤར་ཕྱོགསུ་བཞུག་སོ།།ལཱ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཚར་གྱུར་ཏེ་ལྷོ་ཕྱོགསུ་བཞུགས།།ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ།
161b6 ནུབ་ཕྱོགསུ་བཞུགསོ།།ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལ་སུ་གྱུར་ཏེ།བྱང་ཕྱོགསུ་བཞུགསོ།།དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་།རྔམ་པའི
161b7 ང་རོ་དང་།འབར་བའི་ཀློང་ནང་བུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་།གནོད་སྦྱིན་དང་།སྲིན་པོ་དང་།གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གིས་གདན་བྱས་པ་ལ་བཞུགསོ།།




iiif viewer powered by OpenSeadragon

161a - 162a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa